分享按钮

(པར་ངོས་དང་པོར་མཐུད)གྱོད་གཞི་15བསལ་བ་བཅས་བྱས་ནས་འགལ་བ་དང་རྩོད་གཞི་ཐོན་མ་ཐག་བསལ་ནས“དོན་དག་ཆུང་ཆུང་གྲོང་ཚོ་ནས་སེལ་བ་དང་། དོན་ཆེན་ཤང་ནས་སེལ་བ། འགལ་བ་གོང་ལ་ཞུ་མི་དགོས་པར་བྱེད་པ”བཅས་ཀྱི་དམིགས་ཚད་དངོས་སུ་མངོན་འགྱུར་བྱུང་ཡོད།

གསོན་ཤུགས་ལ་སྐུལ་འདེད་བཏང་ནས་གཅིག་འཐུས་རྣམ་པའི་ཞབས་ཞུའི་ཆ་བསགས་བྱ་དགའ་སྤྲོད་པའི་ཐབས་ལམ་ལག་བསྟར་བྱས་པ་སྟེ། མང་ཚོགས་ཞུགས་མི་སྤྲོ་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་པ་དང་། “ཆ་བསགས”ཀྱི་རྣམ་པ་གསར་པ་འཚོལ་ཞིབ་དང་ཁྱབ་སྤེལ་བཏང་བ། གཅིག་འཐུས་རྣམ་པའི་ཐོག་ནས་དུད་ཚང་མཉམ་འདྲེས་ཀྱི་ཞབས་ཞུ་དང་། དྲ་བའི་སྟོབས་ཤུགས། མང་ཚོགས་ཀྱི་དགོས་མཁོ་བཅས་བསྡུ་སྒྲིལ་བྱས་ཡོད། ཚད་གཞི་གཏན་འཁེལ་དང་ཞིབ་ཕྲར་བཏང་བ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཆ་བསགས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱས་པ་དང་། “ལྡོག་ཕྱོགས་ཀྱི་གསལ་ཐོ”རིགས་9དང་ཁག་64ལ་དོ་དམ་དང་ལག་བསྟར་བྱས་པ། “རྨང་གཞིའི་སྐར་མ+སྐུལ་ལྕག་སྐར་མ་བསྣན་པ+ལྡོག་ཕྱོགས་ཀྱི་སྐར་མ་འཐེན་པའི”བྱེད་ཐབས་སྤྱད་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་གནད་དོན་33“དྲང་ཕྱོགས་ཀྱི་གསལ་ཐོའི”ནང་བཅུག་ནས་སྐར་མ་བསྣན་པ། དུད་ཚང་མཉམ་སྡེབ་ཚན་པའི་ནང་གི་རིམ་པ་ལས་བརྒལ་བའི་ཞུ་གཏུག་དང་བདེ་འཇགས་ལས་འཛོལ་སོགས་གནད་དོན་31“ལྡོག་ཕྱོགས་ཀྱི་གསལ་ཐོའི”ནང་བཅུག་ནས་སྐར་མ་འཐེན་པ་བཅས་བྱས་པས། ཆ་བསགས་ཚད་གཞི་ཚོད་ལྟ་བྱས་པར་ཕན་འབྲས་བཟང་པོ་ཐོན་ནས་མིག་སྔར་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་46དང་དྲ་མིག་210ལ་ཁྱབ་ཡོད། དྲང་བདེན་དྲང་གཞག་གིས་དཔྱད་བསྡུར་གཏན་འབེབས་ལེགས་སུ་བཏང་བ་སྟེ། གྲོང་ཚོ་རིམ་པའི་དཔྱད་བསྡུར་གཏན་འབེབས་ཚོགས་ཆུང་བཙུགས་ནས་ཆ་བསགས་དོ་དམ་པ་གཏན་འཁེལ་བྱས་པ་དང་། ཆ་བསཊ་བྱང་བུ་བཟོས་པ། “སྙན་ཞུ་དང་།དག་བཤེར།ཡོངས་བསྒྲཊ”བཅས་བརྒྱུད་རིམ་གསུམ་སྤྱད་ནས་དཔྱད་བསྡུར་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་བར་འགན་ལེན་བྱས་པ། གཟའ་འཁོར་རེར་ཆ་བསགས་དོ་དམ་པས་དུད་དཔོན་གྱིས་ཕུལ་བའི་སྙན་ཞུ་ཕྱོགས་བསྡུས་བྱས་ནས་དཔྱད་བསྡུར་གཏན་འབེབས་ལས་དོན་ཚོགས་ཆུང་ལ་ཕུལ་རྗེས། ཆ་བསགས་དོ་དམ་གྱི་རྩིས་ཐོའི་ནང་བཅུག་པ། ཟླ་རེར་བསྡུར་ཚད་བརྒྱ་ཆ་20གཞིར་བཟུང“ཕུལ་བྱུང་གཉིས་ལྡན་དུད་ཚང”གི་འཐུས་མི་དང་། ཕུལ་བྱུང་ཆེད་ལས་དྲ་མིག་པ་བདམས་ནས“ཆ་བསགས་མིང་ཐོའི”ཐོག་ནས་གྲོང་ཚོ་ཁག་གི་མངོན་གསལ་དོད་པའི་གནས་སུ་སྦྱར་བར་མ་ཟད། བསམ་འཆར་དང་གྲོས་འགོ་བསྡུ་རུབ་ཀྱང་བྱས་ཡོད། སྐུལ་ལྕག་གཉིས་ལ་ཤུགས་སྣོན་བརྒྱབ་པ་སྟེ། བསམ་པ་དང་དངོས་པོ་གཉིས་ཀྱི་སྐུལ་ལྕག་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཆ་བསགས་མཇུག་འབྲས་དང་དུས་རྒྱུན་གྱི་རྣམ་འགྱུར་ལ་ཕྱོགས་བསྡུས་བསམ་གཞིགས་བྱེད་པ། ཕུལ་བྱུང་དང་། ཚད་ལྡན། སྤྱིར་ཚད་ལོན་པ། ཚད་མ་ལོན་པ་བཅས་རིམ་པ་བཞིའི་དབྱེ་བ་ཕྱེ་ནས་ལོ་མཇུག་གི་དཔྱད་ཞིབ་བྱས་འབྲས་དེ་སྔོན་ཐོན་གྱི་གཉིས་ལྡན་དུད་ཚང་དང“ཆེས་ཡག་པའི་ཁྱིམ་ཚང”སོགས་དཔྱད་འདེམས་བྱེད་པའི་དཔྱད་གཞི་གལ་ཆེན་དུ་རྩིས་པ་དང་། ཟླ་རེའི་ཕུལ་བྱུང་མི་སྣར་ཆ་བསགས་བྱང་བུའི་བྱ་དགའ་སྤྲད་ནས“ལྷུན་གྲུབ་རྫོང་དྲ་མིག་མཉམ་འབྲེལ་དུད་ཚང་གི་ཆ་བསགས་བརྗེ་བའི་སྒོ་རྩིས་ཚོང་ཁང”ནང་ནས་སྒོར་242རི་བའི་ཚོང་ཟོག་དང་བརྗེ་ཆོག་གི་ཡོད། ལམ་ལུགས་ལག་བསྟར་བྱས་ཚུན་ཟླ་རེའི་ཕུལ་བྱུང་མི་སྣ་མི་ཐེངས་3360བདམས་པ་དང་སྒོར་ཁྲི་81.31རི་བའི་ཚོང་ཟོག་དང་བརྗེས་ནས་སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་གཏོད་པའི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

ལྟ་སྐུལ་ལ་མཐོང་ཆེན་བྱས་ཏེ“ལས་དོན་གསུམ”གྱི་ཡོངས་བསྒྲགས་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་སྟེ། སྤྱི་ཚོགས་ཀྱི་ལྟ་སྐུལ་ཚད་ལྡན་མིན་པ་དང་གནད་ལ་མི་འཁེལ་བའི་གནད་དོན་ཡོ་བསྲང་བྱས་ནས་གྲོང་ཚོ་རིམ་པའི“ལས་དོན་གསུམ”གྱི་ཡོང་བསྒྲགས་ཚད་ལྡན་དུ་བཏང་བ་དང་སྤྱི་དམངས་ཀྱི་གནས་ཚུལ་ཤེས་པའི་དབང་ཆ་དང་། ཐེ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ལ་འགན་ལེན་བྱས་ཡོད། ཡོངས་བསྒྲགས་ཀྱི་དོན་དག་གསེད་བཀྲོལ་བྱས་པ་སྟེ། བྱང་ཁ་ཤང་ཚོད་ལྟ་བྱ་ཡུལ་དུ་བརྩིས་ཤིང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དང་གོང་རིམ་ཏང་ཨུད་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སོགས་གཙོ་གནད་ལས་དོན་ལ་དམིགས་པ་དང་། རྒན་གསོ་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་བའི་འགན་སྲུང་རོགས་དངུལ། ཞིང་ལས་དང་འབྲེལ་བ་ཡོད་པའི་ཁ་གསབ་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱེད་པ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་ནོར་དོན་གཏོང་སྒོ་སོགས་གཙོ་གནད་དོན་ཚན་ལ་དོ་སྣང་བྱེད་པ་བཅས་ཀྱི་སྒོ་ནས《བྱང་ཁ་ཤང་གི་གྲོང་གསེབ་རིམ་པའི“ཏང་དོན་དང་། གྲོང་དོན། ནོར་དོན”བཅས་ཀྱི་ཡོངས་བསྒྲགས་དོན་ཚན་གསུམ་གྱི་གསལ་ཐོ》ཞིབ་འཇུག་བྱས་ནས་བཟོས་པ་དང་། ཡོངས་བསྒྲགས་ཀྱི་དོན་ཚན་63གསེད་བཀྲོལ་བྱས་ཡོད། ཡོངས་བསྒྲགས་ཀྱི་གོ་རིམ་ཚད་ལྡན་དུ་བཏང་བ་སྟེ། ཡོངས་བསྒྲགས་ཀྱི་ཁྱབ་ཁོངས་ཤོག་ཁག་ཅན་དང་། ཡོངས་བསྒྲགས་ཀྱི་ནང་དོན་གང་འདོད་ཅན། ཡོངས་བསྒྲགས་ཀྱི་གོ་རིམ་ཟང་ཟིང་ཅན། ཡོངས་བསྒྲགས་ཀྱི་རྣམ་པ་སྟབས་བདེ་ཅན། ཡོངས་བསྒྲགས་ཀྱི་དུས་ཚོད་ཕྱིར་འགྱངས་ཅན་སོགས་ཀྱི་གནད་དོན་ལ་དམིགས་ནས“ཡོངས་བསྒྲགས་ཀྱི་ཁྱབ་ཁོངས་དང་། ཡོངས་བསྒྲགས་ཀྱི་ནང་དོན། ཡོངས་བསྒྲགས་ཀྱི་གོ་རིམ། ཡོངས་བསྒྲགས་ཀྱི་རྣམ་པ། ཡོངས་བསྒྲགས་ཀྱི་དུས་ཚོད”བཅས་ལྔ་ཚན་རིག་དང་མཐུན་པར་ཚོད་འཛིན་བྱས་པ་དང་། ལས་དོན་མི་སྣས་གསལ་པོར་སྒྲུབ་པ་དང་གཞི་རིམ་མང་ཚོགས་ཀྱིས་གསལ་པོར་མཐོང་ཐུབ་པ་བྱས་པར་མ་ཟད། གྲོང་ཚོ་རིམ་པའི“ལས་དོན་གསུམ”གྱི་ཡོངས་བསྒྲགས་ལས་ཀའི་གཟབ་ནན་རང་བཞིན་དང་ཡིད་ཆེས་ཐོབ་ཚད་མཐོ་རུ་བཏང་ཡོད། 2023ལོའི་ལོ་མཇུག་ཏུ་བྱང་ཁ་ཤང་གི་གྲོང་ཚོ་ལྔ་པོས“ལས་དོན་གསུམ”གྱི་ཡོངས་བསྒྲགས་དོན་ཚན་187ཚད་ལྡན་དུ་བཏང་ནས་མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་བརྒྱ་ཆ་98.37ཟིན་ཡོད། ཡོངས་བསྒྲགས་ཐབས་ལམ་རྒྱ་བསྐྱེད་པ་སྟེ། 《ལྷུན་གྲུབ་རྫོང་གི་ཤང(གྲོང་རྡལ)དང་གྲོང་ཚོ་རིམ་པ་གཉིས་ཀྱི་བྱེད་སྒོ་སྤེལ་སའི་མཚོན་རྟགས་ཚད་ལྡན་དུ་བེད་སྤྱོད་བྱ་རྒྱུའི》བླང་བྱ་གཞིར་བཟུང་། མཛེས་སྡུག་ལྡན་པ་དང་ཁུ་བསྡུ་ནུས་ཆེའི་འདུ་ཤེས་རྒྱུན་འཛིན་བྱས་ནས“ལས་དོན་གསུམ”གྱི་ཡོངས་བསྒྲགས་བྱ་ཡུལ་ཚད་ལྡན་དུ་བཏང་བ་དང་། ཡོངས་བསྒྲགས་ནང་དོན་སྟབས་བདེ་ལ་ཁ་གསལ་ཡོང་བར་བྱས་པ། ངོ་ཐུག་གདོང་འཕྲད་ཀྱི་དགེ་མཚན་བཏོན་ནས་ཏང་ཡོན་ཚོགས་ཆེན་དང་། གྲོང་མིའི་ཚོགས་ཆེན། གྲོང་མིའི་འཐུས་མིའི་ཚོགས་འདུ་བཅས་སྐོང་ཚོགས་བྱས་ཤིང་ཏང་ཡོན་མང་ཚོགས་ཀྱི་དོགས་པ་བསལ་བ། སྲིད་དོན་དང་འབྲེལ་བའི་སྐད་འཕྲིན་སྤྱི་དམངས་དང་གྲོང་ཚོ་རིམ་པའི་སྐད་འཕྲིན་ཚོགས་པ་སོགས་བེད་སྤྱོད་གང་ལེགས་བྱས་ནས་དུས་ཐོག་ཏུ་དྲ་ཐོག་ནས་གསང་བ་དང་འབྲེལ་བ་མེད་པའི་དོན་ཚན་ཡོངས་བསྒྲགས་བྱས་པ། ཡོངས་བསྒྲགས་དོན་ཚན་ཐད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བདག་སྤྲོད་བྱས་ནས་གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ལེགས་པར་བྱས་ཡོད་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 6 6 拉萨日报藏文 c182185.html 1 /enpproperty-->