分享按钮

གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འབྲུ་རིགས་གྲོན་ཆུང་བསྲི་ཚགས་ལ་སྐུལ་འདེད་བཏང་བ།

(པར་ངོས་གཉིས་པར་མཐུད)འབྲུ་རིགས་ཚན་རྩལ་ནི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་ལེན་མཐར་ཕྱིན་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཚན་རྩལ་སྣེ་ཁྲིད་དུ་བྱེད་པ་དང་། བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བརྒྱུད་འབྲུ་རིགས་གསོག་ཉར་དང་དོ་དམ་གྱི་ཚན་རྩལ་འདུས་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཚན་རྩལ་གྱིས་འབྲུ་རིགས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་པས་རང་གྲོང་གི་འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་ནུས་པ་དང་འབྲུ་རིགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།

རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་འབྲུ་རིགས་གསོག་འཇོག་ཁྲུའུ་ཡི་རིམ་པ་གཉིས་པའི་བརྟག་ཞིབ་པ་དང་ཁྲུའུ་ཀྲང་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས་ང་ཚོས་སྤྱི་ཚོགས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་འབྲུ་རིགས་ལ་གྲོན་ཆུང་དང་། བདེ་ཐང་ངང་བཟའ་བཏུང་། འབྲུ་སྣུམ་གྱི་སྤུས་ཚད་ལ་ཞིབ་བཤེར་དབྱེ་འབྱེད། འཕྲལ་སྡོམ་གེགས་སེལ་སོགས་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་མ་ལག་སྔར་བས་ཤེས་རྟོགས་དང་ངོས་འཛིན་ཐུབ་པར་བྱས་ནས་སྤྱི་ཚོགས་ཐོག་འབྲུ་རིགས་ལ་དགའ་ཞིང་འབྲུ་རིགས་ལ་གྲོན་ཆུང་བྱེད་པ་དང་། ཚན་རྩལ་གྱིས་འབྲུ་རིགས་དར་རྒྱས་གཏོང་བ། གསོག་འཇོག་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ལ་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 6 6 拉萨日报藏文 c182180.html 1 གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འབྲུ་རིགས་གྲོན་ཆུང་བསྲི་ཚགས་ལ་སྐུལ་འདེད་བཏང་བ། /enpproperty-->