分享按钮

(པར་ངོས་དང་པོར་མཐུད)ད་དུང་དཀར་མཛེས་ཀྲོའུ་ཡི་འབྲེལ་ཡོད་སྡེ་ཚན་དང་བཞུགས་མོལ་གནང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཐབས་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག དཀར་མཛེས་ཀྲོའུ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དཀར་མཛེས་ཀྲོའུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ངོ་སྤྲོད་གསན་རྗེས་ཁྲེན་ཅིང་གིས་དཀར་མཛེས་ཀྲོའུ་ཡིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་མིང་བྱང་གཏིང་ཟབ་གཏོད་རྒྱུ་སོགས་ཀྱི་ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ནས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཡོད། རིག་གནས་དང་ཡུལ་སྐོར་དང་རང་བྱུང་ཁམས་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཐོག་ཁྱད་ཆོས་མངོན་གསལ་དོད་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་པས་ལྷ་སས་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད། ལྷ་ས་གྲོང་ཁྱེར་དང་དཀར་མཛེས་ཀྲོའུ་དབར་འབྲེལ་བ་ཟབ་ཅིང་། རིག་གནས་ཀྱི་འབྲེལ་བ་ཟབ་མོ་ལྡན་ཡོད། ད་ཐེངས་གི་རྟོག་ཞིབ་འདི་ནི་མཛའ་གྲོགས་ཀྱི་ཡུལ་སྐོར་ཞིག་དང་སློབ་སྦྱོང་གི་ཡུལ་སྐོར་ཞིག་ཡིན་ལ་དེ་བས་མཉམ་ལས་ཀྱི་ཡུལ་སྐོར་ཞིག་ཀྱང་ཡིན། ད་ཐེངས་ཀྱི་རྟོག་ཞིབ་གོ་སྐབས་སུ་བྱས་ནས་ས་གནས་གཉིས་ཀྱི་མི་སྣའི་སྤེལ་རེས་དང་། རྣམ་གྲངས་མཉམ་ལས། དྲིལ་བསྒྲགས་འོས་སྦྱོར། ལམ་སྲོལ་མཉམ་ལས་སོགས་ཐད་ཀྱི་སྤེལ་རེས་དང་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ལ་དཀར་མཛེས་ཀྲོའུ་ལྷ་སར་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཁྲེན་ཅིང་གིས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་དཀར་མཛེས་ཀྲོའུ་ཡི་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་།ལྷ་སའི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གཏིང་ཟབ་ཚད་དང་། ཡུལ་སྐོར་ཞབས་ཞུའི་རྣམ་འགྱུར། བསམ་བློར་བཅིངས་འགྲོལ་ཐོབ་ཚད། ཐོན་ལས་འཕེལ་རྒྱས་ཀྱི་ཚད་གཞི། དོན་འཁྱོལ་དམ་འཛིན་བྱེད་ཚད་བཅས་སྔར་བས་ཆེ་རུ་བཏང་ནས་དུས་བབ་གསར་པའི་འོག་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་དང་། ཁྱད་ལྡན་གྲགས་རྟགས་ཐོན་ལས་གཏོད་པ། ཁྱད་ལྡན་སྤུད་དག་ཐོན་ལས་གཏོད་པ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རིམ་སྤོར་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་།ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་བླང་བྱ་བཏོན་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 6 6 拉萨日报藏文 c182179.html 1 /enpproperty-->