分享按钮

ཀྲའོ་ཧུའེ་ཉན་གྱིས་ཕུགས་བསམ་བཅངས་ནས་འཇོན་ཐང་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིཊ་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུཊ་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་ཕུགས་རྒྱང་རིང་དུ་བཏང་ནས་ལང་ཚོའི་འབད་འཐབ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་འདྲེས་ཐུབ་པར་བྱེད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ནས་ཏང་གིས་ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འཕོ་འགྱུར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཁྲོད་དད་སེམས་བརྟན་པོ་ཡོང་བར་བྱེད་དགོས། ནུས་ཤུགས་ཡོད་རྒུས་བདེན་འཚོལ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་འཇོན་ཐང་མངོན་པར་བྱེད་དགོས། དུས་རབས་གསར་པའི་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་ཁྱོན་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་དང་འཇོན་ཐང་མངོན་པར་བྱེད་དགོས། བློ་སེམས་བརྟན་པོའི་སྒོ་ནས་དཀའ་སྤྱད་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་པའི་སྟོབས་ཤུགས་གསར་པ་ཡག་པོ་མངོན་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས་བྱེད་པ། མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྔོན་ཐོན་ཁུལ་འཛུགས་སྐྱོང་བྱེད་པའི་སྟོབས་ཤུགས་གསར་པ་མངོན་པར་བྱས་ནས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་དང་། ཚན་རྩལ་གལ་ཆེན་གསར་གཏོད། གཙོ་གནད་དམངས་འཚོའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་ནང་རང་འགུལ་ངང་ཞུགས་དགོས། རྒྱལ་ཁབ་ཀྱི་འབྱུང་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་སྟོབས་ཤུགས་གསར་པ་ཡག་པོ་མངོན་པར་བྱས་ནས་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་དང་འབྱུང་ཁམས་དཔལ་ཡོན་དར་སྤེལ་གཏོང་བའི་ལས་དོན་ཁྲོད་ཧུར་ཐག་ངང་ཞུགས་དགོས། རྒྱལ་ཁབ་ཀྱི་མཐའ་སྲུང་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་པའི་སྟོབས་ཤུགས་གསར་པ་མངོན་པར་བྱས་ཏེ་མངའ་ཁོངས་སྲུང་བའི་ལས་གྲྭའི་ནང་ཧུར་ཐག་ཞུགས་ནས་མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་ཡག་པོ་བྱེད་དགོས། བླ་ན་མེད་པའི་ཀུན་སྤྱོད་སྦྱོང་བརྡར་བྱས་ནས་དུས་རབས་གསར་པའི་ལྷ་སའི་གཞོན་ནུའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་ལག་ལེན་བྱེད་མཁན་དང་། སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་དར་སྤེལ་གཏོང་མཁན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱེད་མཁན་བཅས་བྱེད་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་སྡེ་ཚོགས་རྩ་འཛུགས་རིམ་པ་ཁག་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གཞོན་ནུ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཆ་རྐྱེན་ཧུར་ཐག་བསྐྲུན་དགོས། ལྷ་སའི་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་རོགས་རམ་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུའི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གཞོན་ནུ་རྣམས་འཚར་ལོངས་ཡོང་བ་དང་། ཤེས་ལྡན་མི་སྣར་འགྱུར་བ། བྱས་རྗེས་འཇོག་པ་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་བླང་བྱ་བཏོན་པ་རེད། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 6 6 拉萨日报藏文 c182181.html 1 ཀྲའོ་ཧུའེ་ཉན་གྱིས་ཕུགས་བསམ་བཅངས་ནས་འཇོན་ཐང་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིཊ་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུཊ་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->