ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་4ཉིན། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མི་དང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་པ་སངས་སྒྲོལ་མ་གདན་དྲངས་ནས་སློབ་ཁྲིད་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་སྐལ་བཟང་ཚེ་བརྟན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་འཆད་ཁྲིད་ལ་གསན་པ་རེད། གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་130ལྷག་ཙམ་སློབ་སྦྱོང་ནང་ཞུགས་ཡོད།
པ་སངས་སྒྲོལ་མས་ཁ་བྱང་ལ《ཐབས་ལམ་གསར་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས》ཞེས་པ་གཞིར་བཟུང་སྟེ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ་ཡིན)ལ་བཟོ་བཅོས་བརྒྱབ་པའི་བརྒྱུད་རིམ་དང་རྒྱབ་ལྗོངས་ལ་དམིགས་ནས་སྤྱིའི་རྩ་དོན་དང“སྒྲིག་ཁྲིམས་ཆེན་པོ་དྲུག”ལ་བཟོ་བཅོས་བརྒྱབ་པའི་གཙོ་གནད་ལ་དམིགས་ནས་དཔེ་མཚོན་ལྡན་པའི་གྱོད་དཔེར་དབྱེ་ཞིབ་བྱས་ཏེ《སྲོལ་ཡིག》ལ་བརྒྱུད་རིམ་ལྡན་པ་དང་། ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་གསལ་འགྲེལ་བྱས་ཡོད། འཆད་ཁྲིད་ནང་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་ཚབས་ཆེན་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ལྷག་པར་དུ་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དགོས། གུས་ཤིང་སྐྲག་པ་དང་། དོགས་ཟོན་བྱེད་པ། མཐའ་ཚད་སྲུང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁྲོད་ཀྱི་ལས་བྱེད་པ་ཞིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཐེངས་འདིའི་ཆེད་དོན་འཆད་ཁྲིད་ནི《སྲོལ་ཡིག》ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གསལ་འགྲེལ་བྱས་པ་ཞིག་ཡིན་ལ་གསོན་ཉམས་དོད་པའི་ཉེན་བརྡའི་སློབ་གསོའི་སློབ་ཚན་ཞིག་ཀྱང་རེད། ཚང་མས་མུ་མཐུད་ནས《སྲོལ་ཡིག》ལ་སློབ་སྦྱོང་གཏིང་ཟབ་དང་། 《སྲོལ་ཡིག》ལ་བརྩི་སྲུང་ནན་པོ་ཞུ་བ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་རེ་རེར་ཚོད་འཛིན་བྱེད་པ། རང་གི་འགན་འཁྲིར་གཞི་ཚུགས་པ་དང་། འགན་འཁྲི་སྒྲུབ་པ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་དམ་འཛིན་ནན་པོ་བྱ་རྒྱུ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社