分享按钮

གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འབྲུ་རིགས་གྲོན་ཆུང་ བསྲི་ཚགས་ལ་སྐུལ་འདེད་བཏང་བ།

2024ལོའི་རྒྱལ་ཡོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

པར་འདི་ནི་གྲོང་མིས་སྤུས་ལེགས་འབྲས་ཀྱི་བྲོ་བ་མྱོང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲུ་རིགས་གྲོན་ཆུང་གི་འདུ་ཤེས་བཟང་པོ་འཛུགས་ཆེད། ཟླ་5ཚེས་30ཉིན་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་། ལྷ་ས་གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས། ལྷ་ས་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད། བོད་ལྗོངས་ཞིང་ལས་མ་འཇོག་ཚོགས་པ་ཀུང་སི། བྱང་རྒྱུད་ས་རྒོད(བོད་ལྗོངས)གསེར་སྙེ་འབྲུ་རིགས་ཉོ་འཚོང་ཀུང་སི་སོགས་ཚན་པས་མཉམ་དུ“གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འབྲུ་རིགས་གྲོན་ཆུང་བསྲི་ཚགས་ཡོང་བར་སྐུལ་འདེད་གཏོང་རྒྱུ”གཙོ་དོན་དུ་བྱས་པའི་2024ལོའི་རྒྱལ་ཡོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་གཅིག་སྡུད་དྲིལ་བསྒྲཊ་ཀྱི་བྱེད་སྒོ་སྤེལ་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་སྦྱར་ཡིག་བཀལ་བ་དང་། འབྲུ་རིགས་བློ་འདྲིའི་སྟེགས་བུ་འཛུགས་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། སྤུས་ལེགས་ཀྱི་འབྲུ་རིགས་ཐོན་རྫས་འགྲེམས་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་དོན་དངོས་དང་འཚོ་བར་ཉེ་བཅར་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་གསོག་འཇོག་དང་། སྤུས་ཚད་བདེ་འཇགས། འབྲུ་རིགས་གྲོན་ཆུང་། ལུགས་མཐུན་ངང་ལོངས་སྤྱོད་བྱེད་པ་སོགས་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་པས“འབྲུ་རིགས་གྲོན་ཆུང་བསྲི་ཚགས་ཡོང་བར་སྐུལ་འདེད་གཏོང་བའི”ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ནས་ཚང་མའི་དགའ་བསུ་ཆེན་པོ་ཐོབ་ཡོད།

གྲོང་མི་དབང་རྒྱལ་གྱིས་དུས་རྒྱུན་ང་ཚོ་ནང་མི་ཚང་མས་འབྲུ་རིགས་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་གི་བྱེད་སྒོ་ལས་འབྲུ་རིགས་ཐོན་ཁུངས་ཀྱི་རྩ་ཆེའི་རིན་ཐང་དང་འབྲུ་རིགས་ལ་གྲོན་ཆུང་བྱེད་པའི་གལ་ཆེའི་རང་བཞིན་སྔར་བས་ཚོར་བྱུང་ཞེས་བཤད།

གཞན་ཡང་བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཆེད་མངགས་སྤུས་ལེགས་ཀྱི་འབྲས་གཡོས་སྦྱོར་བྱས་ནས་གྲོང་མིར་བྲོ་བ་མྱོང་དུ་བཅུག་པ་དང་འབྲས་ཀྱི་དྲི་ཞིམ་དེས་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད། ལས་དོན་མི་སྣས་སྤྲོ་སེམས་འཁོལ་བའི་ངང་གྲོང་མི་གདན་དྲངས་ནས་དངོས་སུ་བྲོ་བ་མྱོང་དུ་བཅུག་པས་ཚང་མས་འབྲུ་རིགས་ཀྱི་བྲོ་བ་དང་རྩ་ཆེན་ཡིན་པ་ཚོར་ཐུབ་པ་བྱུང་ཡོད། བོད་ལྗོངས་ལྷ་སའི་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དབང་རྒྱལ་གྱིས་དེ་རིང་ང་ཚོས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་སྟེགས་བུ་བརྒྱུད་ནས་སྤུས་ལེགས་འབྲུ་རིགས་ཀྱི་སྤུས་རྟགས་དང་སྣ་ཁ་དྲིལ་བསྒྲགས་ཁྱབ་གདལ་བཏང་ནས་རྒྱ་ཆེའི་མང་ཚོགས་ལ་འཚོ་བཅུད་ལྡན་པའི་འབྲུ་རིགས་ཀྱིས་ལས་སྣོན་བྱས་པའི་ཟས་རིགས་སྣ་ཚོགས་འཛད་སྤྱོད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་གསོག་འཇོག འབྲུ་རིགས་ལ་གྲོན་ཆུང་དང་འཕྲོ་བརླག་མི་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་ཡིད་ཆེས་ཆེ་རུ་བཏང་ནས་འབྲུ་རིགས་ལས་རིགས་ཀྱི་གཟུགས་བརྙན་མངོན་པར་བྱས་ཡོད་ཅེས་བཤད་པ་རེད།

འབྲུ་རིགས་ཀྱི་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 2024ལོའི་རྒྱལ་ཡོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། 6 6 拉萨日报藏文 c182176.html 1 གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འབྲུ་རིགས་གྲོན་ཆུང་ བསྲི་ཚགས་ལ་སྐུལ་འདེད་བཏང་བ། /enpproperty-->