ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་1ཉིན། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་བའི་ཟླ་བ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། སློབ་གསོ་དང་། དཔལ་འབྱོར་དང་ཆ་འཕྲིན། མི་སྤྱི། འགྲིམ་འགྲུལ། འཕྲོད་བསྟེན་བཅས་ཁྱབ་ཁོངས་ལྔའི་འཐུས་མི་ཕྱོགས་མང་པོའི་ནང་ཞུགས་ནས་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་གྲུབ་འབྲས་ཐོབ་པའི་གྱོད་དཔེ་དང་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་ནས་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་རང་ལྗོངས་ཀྱི་གྲངས་འཛིན་ཅན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་བསམ་འཆར་བཏོན་ཡོད་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྙན་ཞུ་ཕུལ་བའི་ལྷ་ས་གྲོང་ཁྱེར་གྲངས་འཛིན་ཞིབ་དཔྱོད་ལྟ་སྐུལ་སྟེགས་བུ་དང་། ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིའི་སྙན་ཞུ་ཕུལ་བའི་5Gཆེད་དོན་དྲ་བ་ཡིས་བོད་ལྗོངས་རྒྱལ་ཁབ་གློག་དྲ་གློག་ཤུགས་གློག་བགོས་དྲ་བའི་གྲངས་འཛིན་བདེ་འཇགས་ལ་འགན་ལེན་བྱེད་པ། ཀྲུང་གོ་སྒུལ་བདེའི་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སིའི་གཞིས་རྩེའི་ཡན་ལག་ཀུང་སིས་སྙན་ཞུ་ཕུལ་བའི་རིན་སྤུངས་རྫོང་མི་དམངས་སྨན་ཁང་གི་གཞི་རིམ་ཆ་འཕྲིན་མ་ལག་འཛུགས་སྐྲུན་སོགས་རང་ཡུལ་ཅན་དུ་འགྱུར་བའི་གྲངས་འཛིན་ལག་རྩལ་བེད་སྤྱོད་ཀྱི་ཕུལ་བྱུང་དཔེ་གཞི་8ལ་སྒོ་བྱང་སྤྲད་པ་རེད།
བྱེད་སྒོའི་ནང་ད་དུང་ཚན་པ་དང་ཁེ་ལས་17གདན་དྲངས་ནས་གྲངས་འཛིན་ལག་རྩལ་ཉེར་སྤྱོད་ཉམས་ལེན་འགྲེམས་སྟོན་25བཀོད་སྒྲིག་བྱས་ཏེ་ཡུལ་དངོས་སུ་སྔོན་ཐོན་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་ཐོན་རྫས་འགྲེམས་སྟོན་བྱས་ནས་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད། གྲོང་མི་ཚོས་ཐོན་རྫས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་ཆེད་གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་རྩེར་སོན“བོད་སྒྱུར་ལོ་ཙཱ”ཐོན་རྫས་འགྲེམས་སྟེགས་སུ་བཏོན་ཡོད། “བོད་སྒྱུར་ལོ་ཙཱ”ཐོན་རྫས་གསར་སྤེལ་གྱི་འགན་འཁུར་བ་བཀྲ་ཤིས་ཕུན་ཚོགས་ཀྱིས“བོད་སྒྱུར་ལོ་ཙཱ”ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་འབྲེལ་ཡོད་དགོངས་དོན་དང་ལེན་བྱས་ནས་ལས་རིགས་ནང་གི་ཁེ་ལས་དང་མཉམ་ལས་བྱས་ཏེ་གསར་སྤེལ་བྱས་པའི་ཡིག་སྒྱུར་གྱི་མཉེན་ཆས་ཤིག་ཡིན། མིག་སྔར་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་རང་སྐྱོང་ལྗོངས་ཀྱི་བོད་ལྗོངས་སྲིད་དོན་དང་ལྷ་སའི་སྲིད་དོན་སོགས་ཆ་འཕྲིན་ཅན་གྱི་སྟེགས་བུའི་ནང་སྤྱོད་བཞིན་ཡོད་པས་རྒྱ་བོད་རིག་ནུས་ཡིག་སྒྱུར་ཁྱབ་ཁོངས་ཀྱི་ཚད་གཞི་ཅན་ཞིག་ཡིན་ཞེས་བཤད།
གྲངས་འཛིན་ཅན་དེ་དངུལ་རྩའི་ཁྱབ་ཁོངས་སུ་བེད་སྤྱོད་བྱས་པ་དེས་ཁེ་ལས་འབྲིང་ཆུང་དང་ཆུང་གྲས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། “བོད་གསེར་ཀུན་ཕན”ནི་རང་ལྗོངས་ཀྱིས་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྲིད་ཇུས་དོན་འཁྱོལ་ལ་རོགས་རམ་དང་། དངུལ་ཁང་དང་ཁེ་ལས་བར་འབྲེལ་འདྲིས། ཆ་འཕྲིན་ཆ་འགྲིག་མགྱོགས་སུ་གཏོང་བ་བཅས་ཀྱི་ཐོན་རྫས་ཐོག་མ་དེ་རེད། 2022ལོར་དྲ་ཐོག་ནས་གཉེར་སྐྱོང་བྱས་པ་ནས་བཟུང་ས་གནས་དེ་གའི་ཁེ་ལས་ཀྱིས“མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བ། མ་དངུལ་བསྡུ་སྒྲིལ་བྱེད་འགོར་བ”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད།
“བོད་གསེར་ཀུན་ཕན”ནི་རང་ལྗོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲངས་འཛིན་བསྡུ་རུབ་བྱས་པ་བརྒྱུད་ཡིད་རྟོན་དང་ཡིད་རྟོན་ཐོན་རྫས་ལ་བརྟེན་ནས་ཁེ་ལས་ལ་ཕྱོགས་མང་པོའི་ཐོག་ནས་རྣམ་པ་གཏོད་པ་དང་དངུལ་རྩའི་སྒྲིག་གཞིས་སྤུས་ལེགས་ཁེ་ལས་ལ་དངུལ་རྩའི་ཞབས་ཞུ་ཡང་དག་མཁོ་འདོན་བྱེད་དུ་འཇུག་རྒྱུ་དེ་རེད”ཅེས་བོད་ལྗོངས་རྩེར་སོན་ཡིད་རྟོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ནོར་བཟང་བྱམས་པས་བཤད། མིག་སྔའི་བར་ལས་སྟེགས་དེར་བཅའ་སྡོད་ཁེ་ལས་ཁྲི་1.1ཟིན་པ་དང་ལས་སྟེགས་བརྒྱུད་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་339ལྷག་ཙམ་ཟིན་ཡོད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社