分享按钮

མལ་གྲོ་གུང་དཀར་རྫོང་གིས།

སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྫོགས་མཐའ་མེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ཆེད། མལ་གྲོ་གུང་དཀར་རྫོང་གིས་ལས་དོན་གྱི་བྱེད་ཐབས་གསར་གཏོད་བྱས་ནས་ཡུན་ཕན་ལམ་སྲོལ་རབ་དང་རིམ་པ་བཟོས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད།

ཉིན་ཤས་གོང་།གསར་འགོད་པ་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དུ་སྐྱོད་སྐབས་འགྲོ་ལམ་གཡས་གཡོན་གཉིས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་པ་དང་ལས་བཟོ་བ་ཚོས་གཙང་སྦྲ་བྱེད་བཞིན་ཡོད་པ་མཐོང་བྱུང་། ཁོང་ཚོས་ས་ངོས་ལ་གཙང་སྦྲ་བྱེད་པ་དང་། ཤིང་སྐམ་དང་ཐ་མག་རོ་ཏོ་སྒྲུག་པ་ལས་ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པར་གྱུར་ཡོད།

མལ་གྲོ་གུང་དཀར་རྫོང་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་པ་ལིའུ་དབྱིན་གྱིས་ང་ཚོས་གཟའ་འཁོར་རེར་གཙང་སྦྲའི་བྱེད་སྒོ་སྤེལ་གྱི་ཡོད། གཙང་སྦྲ་བྱེད་ཐེངས་རེར་ཚང་མ་ཧུར་ཐག་ངང་ཞུགས་ཀྱི་ཡོད། བྱེད་སྒོ་དེ་སྤེལ་བ་ལས་ཚང་མར་གཙང་ཞིང་གྲལ་འགྲིག་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པར་མ་ཟད། ངལ་རྩོལ་བྱེད་རིང་ལུས་པོར་ཡང་སྦྱོང་བརྡར་ཐེབས་ཐུབ་ཅེས་བཤད།

གཟའ་འཁོར་རེའི་རེས་གཟའ་པ་སངས་ལ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་གཙང་སྦྲ་བྱེད་པ་ནི་མལ་གྲོ་གུང་དཀར་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས《མལ་གྲོ་གུང་དཀར་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་རྫོང་ཁོངས་དེ“འཕྲོད་བསྟེན་འགན་འཁྲིའི་ཁུལ”30ལ་དབྱེ་ཞིང་། གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་ཁོར་ཡུག་གཙང་སྦྲའི་ཉིན་མོ་གཞི་རྟེན་དུ་བྱས་ཏེ།ལས་བྱེད་པ་དང་ལས་བཟོ་བ་དང་དེ་བཞིན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་རྒྱུར་སྐུལ་སློང་བྱས་པས་ཁོར་ཡུག་བཅོས་སྒྲིག་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་པ་དང་།ལས་འགན་ཁ་གསལ་དང་། འགན་འཁྲི་དོན་འཁྱོལ།སྤྱི་སྒྲུབ་མཉམ་འཛིན་བཅས་བྱས་ཏེ་བཅོས་སྒྲིག་ལས་དོན་གྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་ཡོད།

མལ་གྲོ་གུང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་པ་ཀྲང་ཤུས་ཧྥེ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་དམིགས་ཏེ།ང་ཚོས་ལས་ཀའི་ཇུས་གཞི་བཟོས་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལས་ཀའི་ལམ་སྲོལ་ཁག་23བཟོས་པ་ཡིན།རྫོང་གྲོང་གི་ས་ཁོངས་འགན་འཁྲིའི་ཁུལ་30ལ་དབྱེ་ནས་གཟའ་འཁོར་རེའི་རེས་གཟའ་པ་སངས་དེ་ཁོར་ཡུག་གཙང་སྦྲའི་ཉིན་མོར་གཏན་འཁེལ་བྱས་པ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 མལ་གྲོ་གུང་དཀར་རྫོང་གིས། 6 6 拉萨日报藏文 c182170.html 1 སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། /enpproperty-->