分享按钮

ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོཊ་ཨུ་ཡོན་ལྷན་ཁང་སྐབས་ལྔ་པའི་ཚང་འཛོམས་གྲོས་ཚོཊ་ཐོག

ཕུགས་བསམ་བཅངས་ནས་འཇོན་ཐང་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིཊ་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུཊ་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གསུངས་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་4ཉིན། ལྷ་ས་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཨུ་ཡོན་ལྷན་ཁང་སྐབས་ལྔ་པའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་དང་། གྲོང་སྤྱི་གཞོན་པ་པདྨ་གཡུ་སྒྲོན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་བཅས་ཚོགས་འདུར་ཕེབས་པ་རེད།

སྡེ་ཚོགས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་སྒྲོལ་དཀར་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཡེ་ཧའེ་དབྱིན་གྱིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་རེད།

ཀྲའོ་ཧུའེ་ཉན་གྱིས་ལོ་ལྔའི་རིང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་རྣམས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་སོགས་གྲོང་ཨུད་ལྟེ་བའི་ལས་དོན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་གཏོང་བའི་འབྲེལ་མཐུད་སོགས་ཀྱི་ལས་དོན་གལ་ཆེན་སོགས་ལ་ཧུར་ཐག་ཞུགས་པ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་སོགས་ལ་ཞབས་འདེགས་ཞུས་ནས་དུས་རབས་གསར་པའི་ལྷ་སའི་གཞོན་ནུ་ཚོས་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་བའི་བསམ་པའི་གཤིས་རྒྱུད་དང་རིན་ཐང་དོན་གཉེར་གང་ལེགས་བྱས་ཡོད་ཅེས་ནན་གསུངས་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོཊ་ཨུ་ཡོན་ལྷན་ཁང་སྐབས་ལྔ་པའི་ཚང་འཛོམས་གྲོས་ཚོཊ་ཐོག 6 6 拉萨日报藏文 c182169.html 1 ཕུགས་བསམ་བཅངས་ནས་འཇོན་ཐང་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིཊ་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུཊ་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->