ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷུན་གྲུབ་རྫོང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་དེ་ལས་དོན་སྤྱིའི་ཁྲོད་ནས་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་དང་། ཞན་ཆར་དམིགས་པ། ལག་ལེན་ཁྲོད་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྣེ་འཁྲིད་པའི་འདུ་ཤེས་དང་བྱ་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། “གཅིག་གཅིག་གསུམ”ལམ་སྲོལ་ལག་ལེན་དུ་བསྟར་བ་བཅས་བྱས་ཏེ། བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་དང་། བཅོས་སྐྱོང་གི་ནུས་པ་གསར་པ་སྐུལ་སྤེལ། གཞི་རིམ་བཅོས་སྐྱོང་གི“སེལ་ཐབས་ཡག་ཤོས”འཚོལ་ཞིབ་བཅས་བྱས་ཡོད།
རྨང་གཞི་བརྟན་དུ་བཏང་ནས་འགལ་བ་དང་རྩོད་གཞི་སེལ་བའི་གཡུལ་ས་གཞི་གཅིག་ཅན་བཏོད་པ་སྟེ། འགལ་བ་དང་རྩོད་གཞི་ཛ་དྲག་ཏུ་འགྲོ་རྒྱུར་དོགས་ཟོན་ཤུགས་ཆེན་བྱ་ཆེད་གོང་འོག་མཉམ་འགུལ་དང་ཕན་ཚུན་སྐུལ་འདེད་བཏང་ནས་འགལ་བ་དང་རྩོད་གཞི་སེལ་བའི་སྟེགས་བུ་གཞི་གཅིག་ཅན་ཧུར་ཐག་བཏོད་པ་དང་། འཆར་འགོད་འབུར་དུ་ཐོན་པར་བྱས་ནས་རྩེ་རིམ་གྱི་ཇུས་འགོད་སྟོབས་ལྡན་དུ་བཏང་བ་སྟེ། “ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན”བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྣེ་འཁྲིད་རྒྱུ་དེ་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི“འགན་གཙོ་བོ་འཁུར་མཁན”གྱི་ལས་གཞིར་རྩིས་ནས་སྐུལ་སྤེལ་བཏང་བ་དང་། རྫོང་ཁོངས་བཅོས་སྐྱོང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཁར་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་གཞི་གཅིག་ཅན་དང་རིག་ནུས་ཅན་གྱི་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ལ་བརྟེན་ནས“ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས+དྲ་མིག་ཅན+ཆ་འཕྲིན་ཅན”གྱི་བཅོས་སྐྱོང་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད། མཉམ་ལས་འབུར་དུ་ཐོན་པར་བྱས་ནས་འཁོར་སྐྱོད་ཀྱི་སྒྲིག་ལམ་ལག་ལེན་དུ་བསྟར་བ་སྟེ། མཉམ་འབྲེལ་འདུམ་འགྲིག་ལྟེ་གནས་ཀྱི“མདུན་སྟེགས་གིས་སྣེ་ལེན་ཞུ་བ+རྒྱབ་སྟེགས་ཀྱིས་ཐག་གཅོད་པའི”གཞི་གཅིག་ཅན་གྱི་གཞུང་ལས་བྱེད་སྟངས་ལག་བསྟར་བྱས་ནས་ནང་ཁུལ་དུ་མི་དམངས་འདུམ་འགྲིག་ཁང་དང་ཡིག་སྐུར་ངོ་གཏུག་འདུམ་འགྲིག་ཁང་སོགས་བྱེད་ནུས་ཁུལ་བཙུགས་པ་དང་། ཁྲིམས་འཛིན་དང་། མི་སྤྱི། ཡིག་སྐུར་ངོ་གཏུག་སོགས་སྡེ་ཚན་གྱི་རྒྱུན་སྡོད་ལས་དོན་པ་མངག་ཤུགས་ཆེ་རུ་བཏང་ནས་གནད་དོན་ཀྱི་ཁུངས་སྣེ་གཅིག་གྱུར་བདག་སྤྲོད་བྱས་པ་དང་མཉམ་དུ་བསྒྲུབས་པ། འགལ་བ་དང་རྩོད་གཞིའི་རྒྱུ་རྐྱེན་གཙོ་བོ་དང་ངོ་བོ། ཉེན་ཁའི་རིམ་པ་སོགས་ལ་གཞིགས་ནས་རྩིས་ཐོ་བཟོས་ཏེ་འགལ་བ་དང་རྩོད་གཞི“ཆེད་ལས་ཚན་ཁག་དང་ས་ཚིགས་མང་པོར་བདག་སྤྲོད་བྱེད་ཚུལ”དེ“ཚན་ཁག་ཡོངས་དང་ས་ཚིགས་གཅིག་ཏུ་ཐག་གཅོད་བྱེད་ཚུལ”དུ་བསྒྱུར་ཡོད། ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས་ཕུལ་བྱུང་གྲགས་རྟགས་བཏོད་པ་སྟེ། འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་ལྟེ་གནས་ཀྱི་ཚོད་ལྟའི་མ་དཔེ་ས་གནས་དེ་གའི་དོན་དངོས་དང་མཐུན་པའི་སྒོ་ནས་བཏོད་པ་དང་། དཔལ་འབྱོར་གླིང་ཤང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས“དྲ་མིག་གཅིག་དང་གསར་པ་གཉིས། ཤུགས་སྣོན་གསུམ”བཅས་ཀྱི་ལས་ཀའི་ཐབས་ལམ་གསར་དུ་བཏོད་པས“རྒྱལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དཔེ་བཟང”གི་མཚན་སྙན་ཐོབ་པ། མཚོ་སྟོད་ཤང་ཁྲིམས་འཛིན་སུའོ་ཡིས་འབྲེལ་ཐག་ཡོངས་ཀྱི་གཏུག་བཤེར་འབྱུང་ཁུངས་ལས་དོན་བཅོས་སྐྱོང་ཏན་ཏིག་བྱས་པས་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི”ཁྲིམས་འཛིན་སུའོ་ཞེས་པའི་མཚན་སྙན་ཐོབ་པ། བྱང་ཁ་ཤང་འགལ་རྩོད་འདུམ་འགྲིག་ལྟེ་གནས་ཀྱིས“སེམས་མཐུན་ཇ་ཁང”བཙུགས་ནས“བརྩེ་དུང་དང་། གནས་ལུགས། ཁྲིམས་སྲོལ”བཅས་གཙོ་བོར་བཟུང་ཞིང་། “ཆད་འགྱངས་གཉིས”ཀྱི་གནད་དོན་མང་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་བསལ་ཡོད། 2024ལོ་ནས་བཟུང་། འདུམ་འགྲིག་ལྟེ་གནས་ཁག་གིས་འགལ་བ་དང་རྩོད་གཞི་345ལ་བརྟག་དཔྱད་བྱས་པ་དང་། གྱོད་གཞི་17ཤེས་རྟོགས་བྱུང་བ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社