分享按钮

ཁྲེན་ཅིང་གིས་རུ་སྣེ་ཁྲིད་དེ་དཀར་མཛེས་ཀྲོའུ་རུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ།

ཧེ་བག་འཚོལ་བ་དང་།ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ།སྔོན་ཐོན་ལ་སློབ་སྦྱོང་བྱེད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”ལས་ཀའི་རྩ་དོན་དང་། “ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷ་སའི་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་པའི”མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱ་ཆེད། ཟླ་6ཚེས་2ནས་4ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་རུ་སྣེ་ཁྲིད་དེ“ཧེ་བག་འཚོལ་བ་དང་། ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ། སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་བཅས་ལས་འགན་དུ་བྱས་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་རུ་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་དང་གྲུབ་འབྲས་ཐོབ་པའི་བྱེད་སྟངས་ལ་སློབ་སྦྱོང་དང་རྟོག་ཞིབ་གཏིང་ཟབ་གནང་ཡོད།

དཀར་མཛེས་ཀྲོའུ་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་རྟོག་ཞིབ་ལ་ལྷན་དུ་ཕེབས་ཡོད།ཀྲུའུ་ཞི་གཞོན་པ་ལིའུ་ཧུང་གིས་བརྒྱུད་རིམ་ཧྲིལ་པོར་དཀར་མཛེས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྔོན་ཐོན་ཐབས་ལམ་ངོ་སྤྲོད་གནང་བ་རེད།

ཁྲེན་ཅིང་དང་བཅས་པ་སྔ་རྗེས་སུ་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་དང་དར་རྩེ་མདོ་གྲོང་ཁྱེར་སོགས་སུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར་གྱི་མཚན་མོའི་དཔལ་འབྱོར། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་། མཛེས་ལྗོངས་ཁུལ་གསར་སྤེལ་དང་འཛུགས་སྐྲུན་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ནུས་ལྡན་བྱ་ཐབས་དང་གྲུབ་འབྲས་ལ་རྟོག་ཞིབ་གནང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་སོགས་དང་མཉམ་དུ་མཛེས་ལྗོངས་ཁུལ་གྱི་རིག་ནུས་ཡུལ་སྐོར་དང་། ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན། གཉེར་སྐྱོང་གི་དོ་དམ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་གནང་བར་མ་ཟད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 ཁྲེན་ཅིང་གིས་རུ་སྣེ་ཁྲིད་དེ་དཀར་མཛེས་ཀྲོའུ་རུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ། 6 6 拉萨日报藏文 c182168.html 1 ཧེ་བག་འཚོལ་བ་དང་།ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ།སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། /enpproperty-->