分享按钮

དམིགས་ཚད་གསུམ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཀྱི་སྟོན་གྲངས་ཕྱོགས་ཡོངས་ནས་གོང་མཐོར་བཏང་བ།

(པར་ངོས་གཉིས་པར་མཐུད)གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་དཔེ་བཟང་མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་མཚན་སྙན་ཐོབ་པའི་དཔལ་འབྱོར་གླིང་ཤང་མི་དམངས་འདུམ་འགྲིག་ཨུ་ལྷན་སོགས་ལ་ལྟ་སྐོར་དང་སློབ་སྦྱོང་ཐེངས་12བྱས་པ་དང་། གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མེ་ཟོན་དང་གནོད་འཚེ་སོགས་གཙོ་གནད་སློབ་ཚན་ལ་དམིགས་ནས་ནང་སྦྱོང་ཐེངས་20ལྷག་ཙམ་བྱས་ཏེ།སློབ་སྦྱོང་དང་ལག་ལེན་ཁྲོད་གྲོང་ཚོའི་ལས་བྱེད་པའི་དོགས་ཟོན་གྱི་འདུ་ཤེས་དང་ཁ་གཏད་གཅོག་རྩལ་ཤུགས་ཆེ་རུ་ཕྱིན་ཡོད། སྒྲིག་ཁྲིམས་དམ་དུ་བཏང་བ། སྒྲིག་ཁྲིམས་སྔོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་སྒྲིག་ཁྲིམས་སྒྲིག་ལམ་ནན་པོ་བཟོས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འགོ་འཛུགས་ཚོགས་འདུ་དང་། སློབ་སྦྱོང་ཚོགས་འདུ། བགྲོ་གླེང་ཚོགས་འདུ་སོགས་ཐེངས་140ལྷག་ཙམ་འཚོགས་པ་དང་། ཉེན་བརྡའི་སློབ་གསོའི་དྲིལ་བསྒྲགས་བརྙན་ཐུང་ཐེངས་480ལྷག་ཙམ་སྒྲིག་འཛུགས་བྱས་ནས་བལྟས་པ།སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་ཐེངས་10བྱས་པ། གྲོང་ཚོར་བཅའ་སྡོད་ལས་དོན་སྤྱི་ཁྱབ(གཞོན་པ)པས་རུ་སྣེ་ཁྲིད་ནས་ཐོག་མཐའ་བར་གསུམ་དུ་སློབ་གསོ་མང་པོ་བརྒྱབ་སྟེ།སྒྲིག་ཁྲིམས་སྔོན་དུ་འཛིན་པ་དང་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས་པའི་ནན་བཤད་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་བསམ་བློའི་ཚད་གཞི་སྔར་བས་དག་བཅོས་དང་། བྱ་སྤྱོད་ཀྱི་ཁ་ལོ་ཡག་པོ་བསྒྱུར་བ། སྒྲིག་ཁྲིམས་དམ་སྲུང་བྱ་རྒྱུ་བཅས་ལ་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་ཀྱི་ཡོད་པ་རེད། བཅོས་སྒྲིག་ཡག་པོ་བྱས་པ། གནད་དོན་གྱི་ཕྱོགས་སྟོན་དང་མཇུག་འབྲས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་གྲོང་ཨུད་ཀྱིས་ཁ་གསལ་བཟོས་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཆེད་དོན་བཅོས་སྒྲིག་ཕྱོགས་4ཡི་གནད་དོན་10ལ་ཞིབ་བཤེར་གཏིང་ཟབ་དང་བཅོས་སྒྲིག་མཐར་ཕྱིན་པ་བྱས་པ། བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་གློག་དང་། སོལ་རླངས། མེ་སྤྱོད། བཟའ་བཏུང་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་20ལྷག་ཙམ་ལ་རྒྱུན་གཏན་ཅན་གྱི་གྲལ་བཤེར་དང་བཅོས་སྒྲིག་ཞིབ་ཚགས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་མདུན་འཕྲལ་དུ་ཚོད་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད།

མཐུན་རྐྱེན་བསྐྲུན་རྒྱུར་དམིགས་ཏེ།བརྩེ་བ་ཡིད་ལ་བཅངས་ནས་བདེ་འཇགས་ཆེད་ཐབས་ཇུས་བཀོད་པ་སྟེ། གཅིག་ནས་དྲི་བ་འདོན་པའི་འགག་སྒོ་ལས་ཡག་པོ་སྒྲོལ་བ། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་དང་། བརྙན་ལམ་བཀོད་གཏོང་།ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བརྒྱུད་རིམ་ནང་དྲི་བ་འདོན་པའི་རྣམ་པའི་ཐོག་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་དང་ཏང་གི་སྒྲིག་ཁྲིམས་ཆེན་པོ་དྲུག་དང་།དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ངེས་པར་དུ་དྲུག་སོགས་ཤེས་པ་དང་།སློབ་སྦྱོང་བྱེད་པ།ཁོང་དུ་ཆུད་པ་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཡང་ཡང་དྲི་བ་བཏོན་པ་དང་གཙོ་གནད་དྲི་བ་བཏོན་པ་བརྒྱུད། གྲོང་ཚོར་བཅའ་སྡོད་ལས་བྱེད་པར་སློབ་སྦྱོང་ནན་ཏན་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་དམ་ནན་བྱས་པ་རེད། གཉིས་ནས་གཅེས་སེམས་ལས་དོན་ལེགས་པར་བསྒྲུབས་པ།གྲོང་ཚོའི་ལས་བྱེད་པར་སྒྲིག་འཛུགས་དང་སྐུལ་འདེད་བྱས་ནས་ཁྱོན་ཡོངས་ནས་གཟུགས་པོར་བརྟག་དཔྱད་ལེགས་གྲུབ་བྱས་ཏེ་སྨན་བཅོས་མྱུར་སྐྱོབ་ཁུག་མ་46སྤྲད་པ་དང་། མི་190ལ་སེམས་ཁམས་ཟུར་ཁྲིད་དང་མི་40ལྷག་ཙམ་ལ་རྒྱུན་གཏན་གྱི་གཟུགས་པོར་བརྟག་དཔྱད་བྱས་པ། གྲང་འགོག་གྱོན་ཆས་215དང་ཐབ་ཆས་46སྤྲད་པ། མི་ཐེངས་650ལྷག་ཙམ་གྱི་གྲོང་ཚོའི་ལས་བྱེད་པར་ཕྱོགས་ནས་སྙིང་གཏམ་ཐེངས་150ལྷག་ཙམ་གླེང་བ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་དུས་ཆེན་གྱི་སྔ་ནུབ་ཏུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་བྱས་པ། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་སེམས་ཁྲལ་དང་དཀའ་ངལ་ཁག་5ཐག་གཅོད་བྱས་པ། གྲོང་ཚོའི་ལས་བྱེད་པ་22ཀྱི་གོ་གནས(གོ་མིང)འཕར་རྒྱུར་འོས་སྦྱོར་བྱས་པ་དང་། མི་51ལོ་འཁོར་གྱི་ཕུལ་བྱུང་གཞུང་ཞབས་པར(ལས་བཟོ)གདམ་རྒྱུར་འོས་སྦྱོར་བྱས་པ་རེད། གསུམ་ནས་ཉེན་བརྡ་གཏོང་མཁན་ཡག་པོ་ཞིག་བྱས་པ། ལྷུན་གྲུབ་རྫོང་གྲོང་ཚོར་བཅའ་སྡོད་གཞུང་དོན་ཁང་གིས་རང་འགུལ་ངང་རྫོང་གནམ་གཤིས་ཅུས་སོགས་སྡེ་ཚན་དང་འབྲེལ་བ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་ནང་བདེ་འཇགས་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་ཆ་འཕྲིན་རབ་དང་རིམ་པ་ཁོང་དུ་ཆུད་པ་དང་འབྲེལ་ལྷུན་གྲུབ་ཀྱི་སྐར་ཁུང་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་དང་ལྷུན་གྲུབ་རྫོང་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་རེས་ཚོགས་པ་སོགས་ཀྱི་སྨྱན་སྦྱོར་བེད་སྤྱད་དེ་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་120ལྷག་ཙམ་ཁྱབ་བསྒྲགས་བྱས་ནས།ཉེན་བརྡ་གཏོང་མཁན་ཡག་པོ་ཞིག་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་བདེ་འཇགས་ཀྱི་འཛིང་རགས་བརྟན་པོ་སྐྲུན་རྒྱུར་ཁྲིད་སྟོན་བྱས་པ་རེད། བཞི་ནས་སྐོར་གཡེང་དམག་ཡག་པོ་ཞིག་བྱས་པ། ལམ་ལུགས་དོན་འཁྱོལ་དང་རྒྱུན་གཏན་གྱི་དོ་དམ་ནན་པོ་བྱེད་པར་མཐོང་ཆེན་བྱས་ཏེ།དྲ་ཐོག་ནས་བཀོད་གཏོང་དང་། ཡུལ་དངོས་སུ་ཁྲིད་སྟོན། སྣོལ་སྡེབ་བཀོད་གཏོང་བཅས་ཁྱོན་ཐེངས་620ལྷག་ཙམ་བྱས་ནས་གནད་དོན་2ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་བརྡ་ཁྱབ་2བཏང་ཡོད། ཐེངས་གྲངས་མང་བ་དང་། བཀོད་སྒྲིག་ཤུགས་ཆེན་བྱེད་པ། རང་འགུལ་ངང་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱིས་གྲོང་ཚོའི་ལས་བྱེད་པའི་དམར་ཐིག་འདུ་ཤེས་དང་། མཐའ་ཚད་འཛིན་སེམས་ལ་ཤུགས་སྣོན་བརྒྱབ་པར་མ་ཟད།སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་རྒྱུར་སྐུལ་ཁྲིད་ཀྱང་བྱས་པ་དང་།གནད་དོན་དངོས་དང་གདོང་ཐུག་བྱེད་པར་ཁྲིད་སྟོན་བྱས་ནས། དོ་དམ་ནན་པོ་བྱེད་པའི་ལས་དོན་དེ་ནམ་རྒྱུན་ནས་ནན་པོ་དང་།རྒྱུན་གཏན་དུ་མཉམ་འདྲེས་ནན་པོ། རྒྱུན་གཏན་ནས་དམ་འཛིན་ནན་པོ་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-05 6 6 拉萨日报藏文 c182084.html 1 དམིགས་ཚད་གསུམ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཀྱི་སྟོན་གྲངས་ཕྱོགས་ཡོངས་ནས་གོང་མཐོར་བཏང་བ། /enpproperty-->