(པར་ངོས་དང་པོར་མཐུད)དུས་ཐུང་བོད་སྐྱོར་དང་རིགས་གཅིག་མཁས་ཅན་བོད་དུ་ཡོང་བའི་འབྲེལ་ཡོད་སྲིད་ཇུས་ཡག་པོ་སྤྱད་དེ་ཅང་སུའུ་ཡི་སློབ་གསོའི་རིགས་གཅིག་མཁས་ཅན་70ལྷ་སར་གསོ་སྦྱོང་དང་ཆེད་དོན་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་གདན་དྲངས་པ། པེ་ཅིང་གི་སློབ་གསོའི་རིགས་གཅིག་མཁས་ཅན་68གདན་དྲངས་ནས་དུས་ཐུང་བོད་སྐྱོར་བྱེད་སྒོ་སྤེལ་ཏེ་བོད་སྐྱོར་དགེ་རྒན་ནང་འདྲེན་བྱེད་པའི་གཞན་བརྟེན་རྣམ་པ་དེ་ས་གནས་འདི་གའི་དགེ་རྒན་གསོ་སྐྱོང་བྱེད་པའི་རང་བརྟེན་རྣམ་པར་བསྒྱུར་ནས་ལྷ་སའི་དགེ་རྒན་གྱི་དཔུང་ཁག་ནུས་པ་ཆེ་རུ་འགྲོ་རྒྱུར་རྩ་བའི་ཐོག་ནས་སྐུལ་འདེད་བཏང་ཡོད།
2017ལོ་ནས་བཟུང་།པེ་ཅིང་གིས་ཆེད་དོན་གྲོན་དངུལ་བཏང་ནས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཅིང་བོད་ཕུགས་རེ་འཛིན་གྲྭ་བཙུགས་ཏེ་ཕྱོགས་གཏན་འཁེལ་གྱི་བསྡུ་བ་དང་། འཛིན་གྲྭ་འདི་གར་གཞིགས་ནས་གསོ་སྐྱོང་ཇུས་གཞི་བཟོས་པས་ལྷ་སའི་ཞིང་འབྲོག་ཁུལ་གྱི་ཡིག་ཚགས་བཀོད་པའི་སློབ་མ་དབུལ་པོ་222ལ་ཕན་པ་ཐོབ་པ་རེད། པེ་ཅིང་མཐོ་རིམ་སློབ་འབྲིང་འཛིན་གྲྭ་མུ་མཐུད་དུ་ཡག་པོ་གཉེར་ནས་ལོ་ལྟར་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་གསར་པ་35པེ་ཅིང་དུ་སློབ་སྦྱོང་བྱེད་པར་འདེམས་སྐྱེལ་བྱེད་པ་དང་ཆབས་ཅིག་ལོ་ལྟར་ཟླ་6པར་སློབ་ཐོན་འཛིན་གྲྭའི་དགེ་རྒན་པེ་ཅིང་དུ་ཆེད་དོན་སློབ་སྦྱོང་དང་ཆེད་ལས་སྦྱོང་བརྡར་བྱེད་པར་བཏང་ཡོད། 2022ལོར།ཅང་སུའུ་ནན་ཐུང་དུ་ལྷ་ས་གྲོང་ཁྱེར་གྱི་མངགས་བཅོལ་སྦྱོང་བརྡར་འཛིན་གྲྭ་བཙུགས་ནས་ལོ་ལྟར་ལྷ་ས་ནས་ཡིན་པའི་སློབ་མ་30བསྡུ་གི་ཡོད་པས།ལྷ་ས་མི་དམངས་ཀྱི་སྤུས་ཚད་མཐོ་བའི་སློབ་གསོའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ལྷ་ས་སློབ་གྲྭའི་ལོ་བཅོ་ལྔའི་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ་ལྷ་སར་བདེ་བླག་ངང་བཙུགས་ནས་པེ་ཅིང་དང་བོད་ཀྱི་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱེད་སྟངས་གསར་པ་ཞིག་ཆགས་ཡོད།
ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་ལྷ་སའི་རོགས་སྐྱོར་དང་ལེན་སློབ་གྲྭ་ཁག་གི་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཚད་ལོན་ཚད་དང་གཙོ་གནད་དངོས་གཞིའི་ཚན་ཁག་གི་ཚད་ལོན་ཚད་ལོ་རེར་བསྟུད་མར་ཚད་བརྒལ་གསར་པ་བྱུང་ནས་མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་ཐོབ་སྣང་དང་།སྐྱིད་སྣང་ཟམ་མི་ཆད་པར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།ཕྱིས་འབྱུང་ང་ཚོས་སློབ་གསོའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གྱི་ཤེས་ལྡན་པའི་ལེགས་ཆ་དང་། འདུ་ཤེས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱས་ནས། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱས་ཏེ།ལྷ་སའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གསོའི་གྲོང་ཁྱེར་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་སའི་རྒྱང་ལམ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社