ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་བྱ་གླག་ཚན་རྩལ་བཟོ་ཚོང་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། སྟག་རྩེ་ཆུས་གྲོང་ཁྱེར་དོ་དམ་ཅུས་དང་གཙང་རྟོགས་ཤང་ལ་སྒོར་ཁྲི་30ལྷག་ཙམ་རི་བའི་ཕྱགས་མ་ཁྲི་2ལྷག་ཙམ་སྤྲད་དེ་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ལ་ལྷག་བསམ་རྣམ་དག་གནང་མཁན་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
སྟག་རྩེ་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞ་ཡུན་གྱིས་ཁེ་ལས་འདིའི་གཅེས་སེམས་ཀྱི་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོར་ཡུག་གཙང་སྦྲའི་བཟོ་པ་ཡོངས་ཀྱིས་གཅེས་སེམས་ཁེ་ལས་ཀྱི་སེམས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲའི་ལས་དོན་ཁག་མུ་མཐུད་ནས་ཡག་པོ་བསྒྲུབས་ཏེ།གྲོང་མི་མང་ཚོགས་ལ་འཚོ་བའི་ཁོར་ཡུག་གཙང་མ་ཞིག་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོར་ལེགས་སྐྱེས་འབུལ་དགོས་ཞེས་བཤད།
ལྷ་ས་བྱ་གླག་ཚན་རྩལ་བཟོ་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོའུ་ཝུའེ་ཏུང་གིས་ང་ཚོའི་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་དུས་མཚུངས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཡང་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཡོད། ང་ཚོས་ཁོར་ཡུག་གཙང་སྦྲའི་བཟོ་པར་མུ་མཐུད་སེམས་ཁུར་བྱས་ནས་སྤྱི་ཕན་གཅེས་སེམས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社