(པར་ངོས་དང་པོར་མཐུད)དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་ཐོན་སྐྱེད་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། གནོད་འཚེ་ཆེ་བའི་གནམ་གཤིས་བསྟན་རྒྱུ་ཡིན་པའི་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྙོག་འཛིང་ཆེ་བའི་གནམ་གཤིས་བསྟན་རྒྱུ་ཡིན་པའི་སྔོན་ཚུད་ཉེན་བརྡ་དང་བརྡ་ཁྱབ་ཡག་པོ་གཏོང་བ། ནང་ཁུལ་དུ་ཆ་འཕྲིན་བརྒྱུད་སྤྲོད་བྱ་རྒྱུ་འཐུས་ཚང་དུ་གཏོང་བ་དང་ཤར་གཏོང་བྱས་པར་མ་ཟད། དུས་ཐོག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་དང་། གཞུང་ལུགས་དང་དངོས་འཐབ་ཟུང་འབྲེལ་གྱི་ནང་སྦྱོང་ཡང་སྒྲིག་འཛུགས་བྱས་ཏེ། འཕྲལ་སྡོམ་ལས་ཀའི་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་འབྲུབ་འགོག་ལས་དོན་སྔ་ཙམ་དང་ཏན་ཏིག་ངང་བསྒྲུབས་པ་རེད། དེ་དང་ཆབས་ཅིག་དམངས་སྤྱོད་མཁའ་འགྲུལ་ཅུས་དང་ལྷོ་ནུབ་ཅུས་ཀྱི་2024ལོའི་དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་ལོའི་གཙོ་དོན་བྱེད་སྒོའི་བླང་བྱ་གཞིར་བཟུང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུའི་སྤུས་ཚད་དོ་དམ་མ་ལག་འཛུགས་སྐྱོང་དང་། ཡན་ལག་སྦྲེལ་མཐུད་དང་དྲ་རྒྱ་ཡོངས་སྦྲེལ་མཐུད་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱའི་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ། རྡོག་ཁྲེས་དབོར་འདྲེན་ཚད་ལྡན་དུ་གཏོང་བ། གེགས་མེད་འགྲུལ་སྐྱོད་ཞབས་ཞུ་སོགས་ལ་སྐུལ་འདེད་བཏང་སྟེ་འགྲུལ་པའི་འགྲོ་སྐྱོད་ལ་སྟབས་བདེ་ཡོང་བར་བྱ་རྒྱུ་ཡིན་པ་རེད།
རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་སྐྱེལ་འདྲེན་བྱེད་ཚད་མང་ཤོས་སུ་སླེབས་གྲབས་ཡོད་པའི་སྐབས་སུ། ལྗོངས་ནང་ཁུལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་ལྗོངས་ནང་ཁུལ་གྱི་དབྱར་དུས་ཀྱི་དུས་གཏན་གནམ་གྲུ་འཁོར་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་བརྟན་པོར་བཙུགས་ཏེ། བདེ་འཇགས་ཐད་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་མང་བའི་སྐབས་ཀྱི་རྙོག་འཛིང་དང་དཀའ་ཚེགས་ཆེ་བའི་བདེ་འཇགས་འཁོར་སྐྱོད་ཀྱི་དགོས་མཁོར་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་རྒྱུ་དང་། མཁའ་འགྲུལ་ཀུང་སིས་དུས་ཐོག་ཏུ་མཁའ་འགྲུལ་གནམ་གྲུ་མང་དུ་གཏོང་བར་མཐུན་སྦྱོར་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་དགོས་མཁོ་བསྐང་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社