ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་3ཉིན་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྷ་ས་མཐོ་གསར་ཁུལ་དང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་བྱས་ཏེ་སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་གཉིས་པར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ཚོགས་འདུའི་ཐོག་ཆེད་ལས་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཉིས་ཀྱི་རྒྱབ་ལྗོངས་དང་། མི་སྣའི་འགན་འཁྲི། རང་བརྟག་དོན་ཚན་གྱི་ཞིབ་ཐོ་སོགས་ལ་གཅིག་སྡུད་ཐོག་གསོ་སྦྱོང་བྱས་ཏེ་སློབ་གྲྭའི་ཕྱོགས་ལ་བཟའ་བཅའི་བདེ་འཇགས་དོ་དམ་གྱི་འགག་སྒོ་ཡག་པོ་བསྲུངས་ནས་མ་བཅོས་རྒྱུ་ཆ་དང་། མཛོད་ཉར་དོ་དམ། ལས་སྣོན་བཟོ་སྐྲུན། ཁོར་ཡུག་འཕྲོད་བསྟེན། མི་སྣ་དོ་དམ་སོགས་དམིགས་སའི་རང་བཞིན་ལ་རང་བརྟག་རང་བཅོས་ཀྱི་ལས་དོན་སྤེལ་ཏེ་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་ན་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པ་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་། བཟའ་བཅའི་བདེ་འཇགས་དོ་དམ་གྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། བཟའ་བཅའི་བདེ་འཇགས་ལ་རྒྱུན་ལྡན་གྱི་དོ་དམ་ནན་པོ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཉིས་དོན་ཐོག་ཏུ་འཁྱོལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའི་བདེ་འཇགས་མཐུན་སྦྱོར་ཁོའོ་ཡི་ཁོའོ་ཀྲང་ཡེ་ཤེས་ལྷག་སྒྲོན་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཟླ་5པའི་ཟླ་མཇུག་ནས་བཟུང་གྲོང་ཁྱེར་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གིས་རིགས་གཅིག་མཁས་ཅན་གདན་དྲངས་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིཊ་ཁག་གི་སློབ་གྲྭ་དང་། བཟའ་བཅའི་བདེ་འཇཊ་གཞུང་དོན་ཁང་། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། སློབ་གསོ་སྡེ་ཚན་སོགས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཉིས་གསོ་སྦྱོང་བྱས་ཏེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ནས་སློབ་གྲྭའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད་ཅེས་བཤད།
དེའི་རྗེས་སུ་སྦྱོང་བརྡར་ནང་ཞུགས་མཁན་རྣམས་སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་གཉིས་པའི་ཟ་ཁང་གི་ཐབ་ཚང་ནང་བསྐྱོད་དེ་རིགས་ཁག་གི་བཀོལ་སྤྱོད་ཁང་རེ་རེར་ལྟ་ཞིབ་བྱས་ནས་ཟ་ཁང་གི་དགེ་མཚན་ཕྱོགས་ལ་སློབ་སྦྱོང་བྱས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་དུ་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་དང་ཡུལ་དངོས་སུ་ལྟ་སྐོར་བྱེད་པ་ཟུང་འབྲེལ་བྱས་ནས་སློབ་གྲྭའི་འགན་འཁུར་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་པ། ལས་གཉེར་བ་བཅས་ཀྱི་བཟའ་བཅའི་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་ཤེས་བྱ་དང་བཀོལ་སྤྱོད་རྩལ་ནུས་སྔར་བས་མཐོ་རུ་ཕྱིན་པ་དང་། སློབ་གསོ་སྡེ་ཚན་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན། སློབ་གྲྭ་བཅས་དབར་བཟའ་བཅའི་བདེ་འཇགས་ལས་དོན་གྱི་མཉམ་འགུལ་ལམ་སྲོལ་ནུས་ལྡན་ཞིག་བཙུགས་ནས་སློབ་གྲྭ་དང་བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཐད་ཀྱི་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་གཉིས་པའི་ཡོན་ཀྲང་བློ་བཟང་ཆོས་གྲགས་ཀྱིས་ང་ཚོས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས་བཟའ་བཅའི་བདེ་འཇགས་ཨང་དང་པོར་འཇོག་པ་དང་སློབ་མའི་བདེ་ཐང་གཙོ་བོར་འཛིན་པའི་ཚད་མཐོའི་འགན་འཁྲིའི་འདུ་ཤེས་འཛིན་སྟངས་བརྟན་པོ་ཞིག་འཛུགས་ནས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་དགེ་སློབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་དང་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་།སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་བརྟག་དཔྱད་བྱེད་པའི་ཆེད་དོན་བཅོས་སྒྲིག་ཡག་པོ་བྱས་ཏེ་ཞི་མཐུན་བདེ་འཇགས་ཀྱི་སློབ་གྲྭ་བསྐྲུན་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社