分享按钮

རང་གྲོང་གིས་བོད་སྐྱོར་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱས་པ།

རོགས་སྐྱོར་གྱི་གཅིག་མཐུན་ཚོགས་པ་བསྐྲུན་ནས་སློབ་གསོའི་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་བ།

དུས་ཡུན་རིང་པོའི་ནང་པེ་ཅིང་དང་ཅང་སུའུ་ཡི་སློབ་གསོའི་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་སྐྱོར་དང་སྐུལ་འདེད་འོག་ལྷ་སའི་སློབ་གསོའི་བྱ་གཞག་ཁེར་རྐྱང་ནས་ཕྱོགས་བསྡུས་དང་། ཆུ་ཚད་དམའ་བ་ནས་ཆུ་ཚད་ཅུང་མཐོ་བའི་བར་འཕེལ་རྒྱས་མགྱོགས་མྱུར་བྱུང་ནས་ལྗོངས་ནང་ཁུལ་གྱི་སློབ་གཉེར་གཙོ་བོར་བྱེད་པ་དང་། ལྗོངས་ཕྱི་ནང་ཟུང་འབྲེལ། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་ཡོངས་ཁྱབ་ཀྱི་དེང་རབས་སློབ་གསོའི་མ་ལག་བཙུགས་ཡོད།

2014ལོར་ལྷ་ས་གྲོང་ཁྱེར་གྱིས་སྔོན་ལ་ལྗོངས་ཡོངས་སུ་སྒྲིག་གཞི་གྲུབ་པའི་སློབ་གསོའི་བོད་སྐྱོར་བྱེད་སྟངས་སྤྱད་དེ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་སྲོལ་བཏོད་ཡོད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་ཕུལ་བྱུང་གཞོན་ནུ་དགེ་རྒན་གསོ་སྐྱོང་འཛིན་གྲྭ་བཙུགས་པ་དང་།ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་འགན་འཁྲིའི་སློབ་གསོའི་འདུ་ཤེས་ཐོག་ནས་བསླབ་གཞིས་སློབ་ཁྲིད་ལ་ཁྲིད་སྟོན་བྱེད་པའི་རྣམ་པར་སྐུལ་འདེད་བཏང་སྟབས་སློབ་འབྲིང་དེ་གཉིས་ལྗོངས་ཡོངས་ཀྱི་དཔེ་སྟོན་མཐོ་རིམ་སློབ་འབྲིང་ཨང་དང་པོར་གྱུར་ཡོད། ལྷ་ས་ཚོད་ལྟའི་སློབ་ཆུང་གིས་ན་གཞོན་དགེ་རྒན་འཚར་ལོངས་ཀྱི་གཅིག་མཐུན་ཚོགས་པ་བཙུགས་པ་དང་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོས་ཕྱི་རྒྱལ་གྱི་བསམ་བློ་རྣམ་པའི་སློབ་ཁྲིད་སྒྱུར་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བས་བོད་རང་གི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་ལྷ་སར་རྩ་བ་ཚུགས་ནས་མྱུ་གུ་འབུས་པར་བྱས་ཡོད།

ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་དང་ཅང་སུའུ་ཡི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་སྔ་རྗེས་སུ་ས་གནས་གཉིས་ནས་སློབ་གྲྭའི་དོ་དམ་ཐད་ཀྱི་ཕུལ་བྱུང་གི་ཤེས་ལྡན་པ་80ལྷག་ཙམ་དང་རྐང་འཛིན་དགེ་རྒན་500ལྷག་ཙམ་ནང་འདྲེན་གྱིས་ལྷ་སར་ཚོགས་སྒྲིག་རྣམ་པའི་སློབ་ཁྲིད་བྱས་ཏེ་པེ་ཅིང་དང་ཅང་སུའུ་ཡི་སློབ་གཉེར་འདུ་ཤེས་དང་། རྣམ་པ། བྱ་ཐབས་བཅས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་ནུས་ལྡན་སྤེལ་ཐུབ་པར་བྱས་ནས་ཤེས་ལྡན་པ་རྒྱུན་མི་ཆད་པ་དང་།ལས་དོན་རྒྱུན་མཐུད་ཐུབ་པ། ཉམས་མྱོང་རྒྱུན་འཛིན་ཐུབ་པ་བཅས་བྱས་ཡོད།

2016ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དོ་དམ་རྐང་འཛིན་དགེ་རྒན་པེ་ཅིང་དང་ཅང་སུའུ་རུ་དུས་ཡུན་ལོ་གཅིག་གི་ལས་གནས་སུ་གནས་སྐབས་སྦྱོང་བརྡར་བྱེད་པའམ་ཡང་ན་གནས་ཐོག་སློབ་སྦྱོང་བྱེད་པར་མངགས་ཀྱི་ཡོད། མིག་སྔའི་བར་སྔ་རྗེས་སུ་དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན་340འདེམས་མངགས་བྱས་པ་རེད། མི་རིགས་ཁག་གི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལྷ་ས་གྲོང་ཁྱེར་གྱིས་ལས་བྱེད་པ་དང་དགེ་རྒན་མི་ཐེངས་285པེ་ཅིང་དང་ཅང་སུའུ་ལ་སློབ་སྦྱོང་སྤེལ་རེས་བྱེད་སྒོར་མངགས་གཏོང་བྱས་པ་དང་། སློབ་མ་800ལྷག་ཙམ་པེ་ཅིང་དང་ཅང་སུའུ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོར་མངགས་གཏོང་བྱས་པ། པེ་ཅིང་དང་ལྷ་སའི་དབར་དང་།ཅང་སུའུ་དང་ལྷ་སའི་དབར་ས་ཁུལ་གཉིས་ཀྱིས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་བྱས་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-05 རང་གྲོང་གིས་བོད་སྐྱོར་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱས་པ། 6 6 拉萨日报藏文 c182072.html 1 རོགས་སྐྱོར་གྱི་གཅིག་མཐུན་ཚོགས་པ་བསྐྲུན་ནས་སློབ་གསོའི་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་བ། /enpproperty-->