ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུདཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་ཡོངས་ཀྱི་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་30ཡི་རིང་།ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚན་རྩལ་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ་དང་། རྒྱལ་ཁབ་ཆེན་པོའི་ལས་གཞི་གཏོད་པ། རྒྱལ་ཁབ་ཀྱི་ལག་ཆ་གལ་ཆེན་འཛུགས་སྐྲུན་བཅས་བྱས་ནས་རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་གསར་གཏོད་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས་བཟོ་སྐྲུན་ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད།ཀྲུང་གོ་བཟོ་སྐྲུན་ཁང་གིས་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་དང་།ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ།བཟོ་སྐྲུན་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བཅས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒོ་ལས་མགྱོགས་མྱུར་སྒྲོལ་བ། རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་ཀྱི་འགན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།
ཚེས་3ཉིན་གྱི་སྔ་དྲོར།ཀྲུང་གོ་བཟོ་སྐྲུན་ཁང་གིས་པེ་ཅིང་དུ་བཟོ་སྐྲུན་ཚན་རྩལ་གྱི་འགན་འཁྲི་ལག་བསྟར་བྱས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཡོན་ཧྲིའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
(པར་ངོས་གསུམ་པར་གཟིགས)
རྟེན་འབྲེལ་འཕྲིན་ཡིག
ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30འཁོར་བའི་སྐབས་དེར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།བཟོ་སྐྲུན་ཁང་ཡོངས་ཀྱི་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
ལོ་30རིང་།ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚན་རྩལ་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ་དང་།རྒྱལ་ཁབ་ཆེན་པོའི་ལས་གཞི་གཏོད་པ།རྒྱལ་ཁབ་ཀྱི་ལག་ཆ་གལ་ཆེན་འཛུགས་སྐྲུན་བྱས་ནས་རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་གསར་གཏོད་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
བཟོ་སྐྲུན་ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན།ཀྲུང་གོ་བཟོ་སྐྲུན་ཁང་གིས་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་དང་།ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ།བཟོ་སྐྲུན་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བཅས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒོ་ལས་མགྱོགས་མྱུར་སྒྲོལ་བ།རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་ཀྱི་འགན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུཊ་རང་སྟོབས་མངོན་འགྱུར་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུཊ་སྐྲུན་བྱེད་པར་ལེཊ་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་6ཚེས་3ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་འབྱོར་བའི་གློག་འཕྲིན)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社