分享按钮

ད་ལོའི་ཟླ་1པོ་ནས་ཟླ་5པའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་1པོ་ནས་5པའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་འཕུར་ཐེངས་26503འགན་ལེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་19.2འཕར་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་291ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་20.5འཕར་བ། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་19183.1ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་13.6འཕར་ཡོད། དེའི་ནང་ཟླ་5པར་གནམ་གྲུ་འཕུར་ཐེངས་5384འགན་ལེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་0.6ཆག་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་65ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་5.2འཕར་ཡོད། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་4982.6ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་14.9འཕར་ཡོད།

འགྲུལ་པ་བདེ་འཇགས་དང་བདེ་བླག་ངང་འགྲོ་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཉེན་ཁ་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ཐད་ཀྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཁག་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ནས་འཕུར་སྐྱོད་བདེ་འཇགས་དང་འགྲུལ་པའི་ཞབས་ཞུ་འགན་ལེན་གྱི་ལས་དོན་བཀོད་སྒྲིག་ནན་ཏན་བྱས་ཏེ། འབྲུབ་འགོག་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་འགྲུལ་པ་ཚང་མ་བདེ་བླག་ངང་འགྲོ་སྐྱོད་ཐུབ་རྒྱུར་གཡས་སྐྱོར་གཡོན་འདེགས་བྱས་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-05 6 6 拉萨日报藏文 c182071.html 1 ད་ལོའི་ཟླ་1པོ་ནས་ཟླ་5པའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ། /enpproperty-->