ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཧའེ་ནན་ཏིང་ཨན་རྫོང་གི་ཙུང་ཙི་ལས་སྣོན་བཟོ་གྲྭའི་ནང་བྲེལ་འཚུབ་ཀྱིས་ཁེངས་ཡོད། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་མཚན་སྙན་ཐོབ་པའི་ཧའེ་ནན་ཏིང་ཨན་རྫོང་གི་ཙུང་ཙི་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཅིང་། ཐོན་རྫས་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་འཚོང་བྱས་ནས་ལོ་རེའི་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་གྱི་ཡོད་པས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་གཏོང་བ་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད།
ཙུང་ཙི་ཡིས་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད།
པར་འདི་ནི་ཧའེ་ནན་ཏིང་ཨན་ཤིན་ཐའེ་ལའེ་བཟའ་བཅའ་ཚད་ཡོད་ཀུང་སིའི་བཟོ་པས་ཙུང་ཙི་ལ་ཐུམ་སྒྲིལ་རྒྱག་བཞིན་པའི་རྣམ་པ་ཡིན།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社