分享按钮

རང་གྲོང་གི་གནམ་གཤིས་ཚན་རྩལ་གཟའ་འཁོར་གྱི་དྲིལ་བསྒྲགས་ བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

(པར་ངོས་གསུམ་པར་མཐུད)བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་གཙོ་དོན་ལ་དམིགས་ནས་ཚན་རིག་ཤེས་བྱ་དང་གནམ་གཤིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ཤེས་བྱ་གཙོ་གནད་དུ་བྱས་ཏེ། ཚན་རྩལ་གྱི་འགྲེམས་སྟེགས་འཛུགས་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་དྲག་ཆར་འབབ་པ་དང་གློག་འཁྱུག་ཐོག་རྒྱག་སོགས་གནམ་གཤིས་གནོད་འཚེ་འགོག་པའི་ཤེས་བྱའི་ཐད་འགྲེལ་བཤད་བརྒྱབ་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་མི་དམངས་མང་ཚོགས་ཀྱིས་གནམ་གཤིས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱར་དོ་ཁུར་བྱེད་ཚད་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། དེ་བས་གནམ་གཤིས་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་ལས་གཞི་རིམ་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད།

གནམ་སྒྱུར་ལས་སྒྲུབ་པ་མི་རེ་ངོ་རེས“རྩ་བའི་རིགས་པ་ཤེས་པ་དང་། བཀོལ་སྤྱོད་བྱེད་ཤེས་པ། སྲུང་སྐྱོང་བྱེད་ཤེས་པ”བཅས་ཡོང་བར་འགན་ལེན་བྱ་ཆེད། ད་ཐེངས་ཀྱི་གསོ་སྦྱོང་ནང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བཀོལ་སྤྱོད་ནང་སྦྱོང་ཁག་གཉིས་ཀྱི་སློབ་སྦྱོང་ནང་དོན་བཀོད་སྒྲིག་བྱས་པ་དང་འབྲེལ་དཔྱད་དཔོག་ལམ་ལུགས་ཀྱང་ལག་བསྟར་བྱས་ཡོད། སྙེ་མོ་ཤང་གདོང་དཀར་གནམ་སྒྱུར་ལས་སྒྲུབ་ས་ཚིགས་སུ་གསོ་སྦྱོང་དང་ནང་སྦྱོང་བྱས་པ་དང་། གནམ་སྒྱུར་ལས་སྒྲུབ་པ་ཡོངས་ཀྱིས་ནང་སྦྱོང་ཧུར་ཐག་བྱས་པས་ལག་རྩལ་ཚང་མ་ཁོང་དུ་ཆུད་ཡོད།

གསོ་སྦྱོང་བྱས་པ་བརྒྱུད། གནམ་སྒྱུར་ལས་སྒྲུབ་པས་བཀོལ་སྤྱོད་ཤེས་བྱ་དང་བཀོལ་སྤྱོད་ལག་རྩལ་སྔར་བས་བྱང་ཆུབ་པ་པ་དང་། གཞི་རྩའི་ལས་སྒོའི་རྩལ་ནུས་མཐོར་འདེགས་དང་བདེ་འཇགས་ལས་སྒྲུབ་འདུ་ཤེས་ཟབ་ཏུ་ཕྱིན་ནས་མི་ཐབས་ཀྱིས་གནས་གཤིས་སྒྱུར་བའི་ལས་དོན་བདེ་བླག་ངང་སྤེལ་བ་དང་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་ཆེད་རྨང་གཞི་ཡག་པོ་བཏིང་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 6 6 拉萨日报藏文 c182065.html 1 རང་གྲོང་གི་གནམ་གཤིས་ཚན་རྩལ་གཟའ་འཁོར་གྱི་དྲིལ་བསྒྲགས་ བྱེད་སྒོ་རབ་དང་རིམ་པ་སྤེལ་བ། /enpproperty-->