分享按钮

ཨ་རིའི་རྟེན་མཛོད་ཁང་ཞིག་གིས་ལི་པི་ཡར་ལོ་ངོ་2000གི་ལོ་རྒྱུས་ལྡན་པའི་རིག་དངོས་ཕྱིར་སྤྲོད་བྱ་རྒྱུ་ཡིན་པ།

ཨ་རིའི་རྟེན་མཛོད་ཁང་ཞིག་གིས་ལི་པི་ཡར་ལོ་ངོ་2000གི་

ལོ་རྒྱུས་ལྡན་པའི་རིག་དངོས་ཕྱིར་སྤྲོད་བྱ་རྒྱུ་ཡིན་པ།

ཉེ་ཆར་ཨ་རིའི་ཨུ་ཧེ་ཨུ་ཀྲོའུ་ཁེ་ལི་ཧྥུའུ་ལན་སྒྱུ་རྩལ་རྟེན་མཛོད་ཁང་གིས་ལི་པི་ཡའི་སྲིད་གཞུང་ལ་ལི་པི་ཡར་ས་འོག་ནས་ཐོན་པའི་ལོ་ངོ་2000ལྷག་གི་ལོ་རྒྱུས་ལྡན་པའི་རྡོ་བརྐོས་སྐུ་བརྙན་ཕྱིར་སྤྲོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། བརྐོས་བརྙན་དེ་དབྱིན་ཇིས་ལི་པི་ཡ་བཙན་བཟུང་བྱེད་རིང་འཕྲོག་བཅོམ་བྱས་པ་དང་1991ལོར་ཁེ་ལི་ཧྥུའུ་ལན་སྒྱུ་རྩལ་རྟེན་མཛོད་ཁང་གི་ཉར་ཚགས་དངོས་རྫས་སུ་གྱུར་ཡོད།

བརྐོས་བརྙན་གྱི་རྒྱུ་ཆ་ནི་ཞོན་ཝུའུ་བྲག་རྡོ་ནག་པོ་ཡིན་པ་དང་མཐོ་ཚད་ལ་ལི་སྨི་57.9ཡོད་པ་དང་1937ལོ་ནས་1938ལོ་བར་ལི་པི་ཡའི་ཤར་རྒྱུད་དུ་ཐོན་པ་དང་ཕྱིས་སུ་ལི་པི་ཡའི་རྟེན་མཛོད་ཁང་ཞིག་གིས་ཉར་ཚགས་བྱས་མོད། འོན་ཀྱང་རྟེན་མཛོད་ཁང་དེ་དབྱིན་ཇིས་ལི་པི་ཡ་བཙན་བཟུང་བྱེད་རིང་གཏོར་བརླག་བཏང་བ་རེད།

1912ལོར། ལི་པི་ཡ་དབྱི་ཐ་ལིའི་མི་སེར་སྤེལ་ཡུལ་དུ་གྱུར་པ་རེད། འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་སྐབས་སུ། ཧྥ་རན་སི་དང་དབྱིན་ཇིས་སོ་སོར་ལི་པི་ཡའི་ལྷོ་རྒྱུད་དང་བྱང་རྒྱུད་བཙན་བཟུང་བྱས་ཡོད། དམག་འཁྲུག་མཇུག་སྒྲིལ་རྗེས། མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་ལི་པི་ཡའི་མངའ་ཁོངས་ཡོངས་རྫོཊ་ལ་བདག་སྐྱོང་དབང་ཆ་ལག་བསྟར་བྱས་ཏེ། ལི་པི་ཡའི་1951ལོར་རང་བཙན་ཁྱབ་བསྒྲཊ་མ་བྱས་གོང་བར་ཡིན་པ་རེད། 1960ལོར་བརྐོས་བརྙན་དེ་སུའེ་ཙེར་གྱི་ལུའུ་སའེ་ཨེན་དུ་ཐོན་པ་དང་1966ལོ་ནས་1991ལོའི་བར་ཨ་རིའི་ཉིའུ་གཡོད་ཀྱི་བཟའ་ཟླ་གཉིས་ཀྱིས་ཉར་ཚཊ་བྱས་པ་རེད། ཁོང་གཉིས་ཀྱིས་1991ལོར་བརྐོས་བརྙན་དེ་ཁེ་ལི་ཧྥུའུ་ལན་སྒྱུ་རྩལ་རྟེན་མཛོད་ཁང་ལ་ཞལ་འདེབས་སུ་ཕུལ་བ་རེད།

ཉེ་བའི་ལོ་ཤས་རིང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་མི་སེར་སྤེལ་བའི་དུས་སྐབས་སུ་འཕྲོག་བཅོམ་བྱས་པའི་རིག་དངོས་ཕྱིར་ལོག་བརྩོན་ལེན་བྱེད་པའི་འབད་བརྩོན་ལ་གྲུབ་འབྲས་ཐོག་མར་ཐོབ་ཡོད། དབྱིན་ཇི་དང་། ཧྥ་རན་སི། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་དེ་སྔའི་ཡོ་རོབ་གླིང་གི་མི་སེར་སྤེལ་མཁན་གྱིས་འཕྲོག་བཅོམ་བྱས་པའི་རིག་དངོས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ཕྱིར་སྤྲོད་བྱས་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་གི་དམིགས་བསལ་གསར་འགྱུར)

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 6 6 拉萨日报藏文 c182067.html 1 ཨ་རིའི་རྟེན་མཛོད་ཁང་ཞིག་གིས་ལི་པི་ཡར་ལོ་ངོ་2000གི་ལོ་རྒྱུས་ལྡན་པའི་རིག་དངོས་ཕྱིར་སྤྲོད་བྱ་རྒྱུ་ཡིན་པ། /enpproperty-->