分享按钮

སྟོབས་ཆེའི་རྒྱལ་ཁབ་བསྐྱར་དར་བྱེད་པར་ང་ཡིས་འབད། བྱིས་པའི་མ་འོང་བསམ་འདུན་གཏོད་པར་ཀུན་གྱིས་བརྩོན།

(པར་ངོས་གསུམ་པར་མཐུད)དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་དེར་གྲོགས་པོ་ཆུང་ཆུང་རྣམས་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་བསྐྱོད་དེ་ནོར་གནག་གི་རིག་གནས་ཐད་དངོས་སུ་ཉམས་ལེན་བྱས་ནས་བྱིས་པ་ཚོས་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་བྱིས་པའི་དུས་ཆེན་མི་འདྲ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགྲེལ་བཤད་པའི་སྣེ་ཁྲིད་འོག་གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག་གིས་མཉམ་དུ་རྟེན་མཛོད་གླིང་དུ་ཡོད་པའི་ནོར་གནག་དང་འབྲེལ་བའི་རིག་གནས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་།འགྲེལ་བཤད་པས་ཚང་མར་ནོར་གནག་གི་སྐྱེ་དངོས་རིག་པའི་ཁྱད་ཆོས་དང་། འདུལ་གསོ་དང་གསོག་གསོ། འབྱུང་ཁུངས་དང་གནས་སྤོ་སོགས་འགྲེམས་སྟོན་ཁང་དུ་ཡོད་པའི་འགྲེམས་སྟོན་གྱི་ནང་དོན་གཞིར་བཟུང་ནས་ངོ་སྤྲོད་ཞིབ་ཕྲད་་བྱས་པ་རེད། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་དོན་མི་སྣས་ད་དུང་གྲོགས་པོ་ཆུང་ཆུང་ཚང་མར་གཱ་ཐོ་འགོད་པའི“ས་བཀྲ”རེ་སྤྲད་པ་དང་། གཱ་ཐོ་འགོད་ས་ནི་སྲོག་ཆགས་ཀྱི་བཟོ་དབྱིབས་ལྡན་པའི་དཔྱད་གཞིའི་རིག་དངོས་ཡིན་པས་གྲོགས་པོ་ཆུང་ཆུང་ཚོས་ལྟ་སྐོར་བྱེད་རིང་རིག་དངོས་ཐོག་གི་ནོར་གནག་གི་བཟོ་དབྱིབས་དང་རྒྱན་རིས་འཚོལ་དགོས་ཤིང་། གཱ་ཐོ་བཀོད་ཚར་རྗེས་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལག་རྟགས་སྤུས་དག་རེ་བྱ་དགར་སྤྲོད་ཀྱི་ཡོད་པ་རེད། བྱེད་སྒོའི་མཇུག་ཏུ། དགེ་རྒན་ཀྲང་ཞའོ་ཧྥེ་ཡི་སྣེ་ཁྲིད་འོག་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོས་ད་དུང་མཉམ་དུ《གཡག་ཕོ་བྲང་སྟེ་བོད་སྡོད་སྒྱུ་རྩལ་མཁས་ཅན་ཀྲང་ཞའོ་ཧྥེ་ཡི་འབྲི་གཡག་བརྗོད་བྱའི་སྣག་རིས་བརྩམས་ཆོས་འགྲེམས་སྟོན》ལ་ལྟ་སྐོར་བྱས་པ་རེད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་།

ཉིན་ཤས་གོང་། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་གིས“ལོ་ཆུང་གདོང་ལེན་རུ་ཁག་མེས་རྒྱལ་ལ་དགའ་བ་དང་སྟོབས་ཆེའི་རྒྱལ་ཁབ་བསྐྱར་དར་བྱེད་པར་ང་ཡིས་འབད་བརྩོན་བྱེད”ཅེས་པའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ཁྱིམ་བདག་རྣམས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བྱེད་སྒོ་དེའི་ནང་ཞུགས་ཡོད་པ་རེད།

བྱེད་སྒོའི་ཁྲོད། དང་ཐོག་རྒྱལ་གླུ་བཏང་བ་དང་། གདོང་ལེན་རུ་ཁག་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་པ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་གླུ་གཞས་མཉམ་གཏོང་བྱེད་པ་སོགས་བྱས་ཤིང་། དེ་རྗེས་སློབ་མ་རྣམས་ཀྱིས་ལུས་ལ་མཛེས་ཤིང་ལྟ་ན་སྡུག་པའི་འཁྲབ་སྟོན་གྱི་གྱོན་ཆས་ལེགས་པར་གྱོན་པ་དང་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་བཞིན《ཕན་ཚུན་དགའ་ཞིང་དུང་བ》དང《དགའ་འཛོམས》ཞེས་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། ལེ་ཚན་ཚང་མའི་ནང་སློབ་གྲྭ་དེའི་སློབ་མ་རྣམས་ཀྱི་སྤྲོ་སེམས་དང་གསོན་ཤུགས་གང་ལེགས་མངོན་ཡོད། བྱེད་སྒོའི་ཁྲོད་ད་དུང་ཕུལ་བྱུང་ཁྱིམ་ཚང་ཨུ་ལྷན་དང་། ཕུལ་བྱུང་ཏང་ཀྲི་པུའུ། ན་གཞོན་བཟང་པོ་སོགས་ཀྱི་བྱ་དགའ་སྤྲད་པ་རེད། གཞན་ཡང་། བྱེད་སྒོ་སྤེལ་ཡུལ་དུ། སློབ་གྲྭ་དེའི་དགའ་སྣང་འཛིན་གྲྭའི་ཚོགས་ཆུང་གཉིས་པའི་བོད་ཡིག་ཡིག་གཟུགས་དང་། སྨྱུ་གུ་མཉེན་པོ། གདོང་འབག འབྲུ་རིགས་སྣ་ལྔའི་རི་མོ། འཇིམ་བཟོ་སོགས་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཕྲུ་གུ་ཚོའི་འཇོན་ཐང་འགྲེམས་སྟོན་དང་ཕུགས་འདུན་མངོན་པར་བྱེད་པའི་གར་སྟེགས་ཤིག་མཁོ་འདོན་བྱས་ནས་ཁོང་ཚོ་རང་ཉིད་ལ་དབང་བའི་དུས་ཆེན་ཁྲོད་དགའ་སྣང་དང་འཚར་ལོངས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་དུ་བཅུག་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 6 6 拉萨日报藏文 c182064.html 1 སྟོབས་ཆེའི་རྒྱལ་ཁབ་བསྐྱར་དར་བྱེད་པར་ང་ཡིས་འབད། བྱིས་པའི་མ་འོང་བསམ་འདུན་གཏོད་པར་ཀུན་གྱིས་བརྩོན། /enpproperty-->