分享按钮

ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དེ་སློབ་གསོའི་བརྒྱུད་ རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

(པར་ངོས་དང་པོར་མཐུད)གསར་གཏོད་གཏིང་ཟབ་བྱས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གཙོ་དོན་སློབ་གསོ་དང་བསམ་བློ་ཆབ་སྲིད་སློབ་གསོ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་དུ་འཛུགས་སྐྱོང་བྱེད་པའི་ལམ་སྲོལ་ལེགས་སུ་བཏང་བ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སློབ་གསོར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་བྱ་རྒྱུ་དེ་ལས་དོན་གཙོ་བོར་འཛིན་པ། འགན་འཁྲི་སྔར་བས་དམ་དུ་གཏོང་བ། ཐབས་ལམ་འཚོལ་མགྱོགས་སུ་གཏོང་བ། ཁྱད་ཆོས་གཏོད་པ། ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། མི་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་མི་གསོ་སྐྱོང་ཧུར་ཐག་བྱས་པ་རེད།

སློབ་གསོའི་ཐོན་ཁུངས་གཅིག་ཏུ་བསྒྲིལ་ནས་མི་གསོ་སྐྱོང་བྱེད་པའི་སྟེགས་བུ་གཅིག་མཐུན་ཡོང་བར་བྱས་པ་སྟེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁག་གིས་སློབ་ཁྲིད་ཐོན་ཁུངས་སྣ་ཚོགས་གཅིག་ཏུ་བསྒྲིལ་ནས་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་གྲྭ་དང་སྤྱི་ཚོགས། སློབ་ཁང་གི་ནང་དང་སློབ་ཁང་གི་ཕྱི། དྲ་ཐོག་དང་དྲ་ཕྱི་སོགས་ཀྱི་ཐོན་ཁུངས་གཞི་གཅིག་ཅན་དུ་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་ཁབ་རྟེན་མཛོད་ཁང་དང་། ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་། ཀྲུང་གོ་ལྕགས་ལམ་རྟེན་མཛོད་ཁང་སོགས་མིང་དུ་གྲགས་པའི་རྟེན་མཛོད་ཁང་གི་མཁས་པ་གདན་དྲངས་ནས་ལྷ་སའི་དགེ་སློབ་ཚོར“དྲ་རྒྱ་ནས་རྟེན་མཛོད་ཁང་ལ་ཡུལ་སྐོར་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་མ་ཟད། གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་དང་། འབྱུང་ཁམས་ཤེས་དཔལ་གྱི་ཐོན་ཁུངས། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་སོགས་ཀྱང་ཐུན་མོང་དུ་སྔོག་འདོན་བྱས་ནས་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པའི་སློབ་གསོའི་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

བོད་སྐྱོར་གྱི་ལེགས་ཆ་བཏོན་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་གསར་དུ་སྤེལ་བ་སྟེ། རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་གསོའི་བོད་སྐྱོར་ཐོན་ཁུངས་བཟང་པོ་སྤྱད་ནས་སློབ་མཚམས་མི་གཅིག་པ་དང་། རིག་ཚན་གཞན། ས་ཁོངས་གཞན་བཅས་སུ་རྒྱུན་རྣམ་ཅན་གྱི་སྤེལ་རེས་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་གི་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན་གདན་དུ་དྲངས་ནས་སློབ་གྲྭའི་དགེ་སློབ་ལ་ཆེད་དོན་འཆད་ཁྲིད་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་རིག་ནུས་སློབ་གསོའི་ལས་སྟེགས་ཀྱི་རིགས་གཅིག་མཁས་ཅན་ཡང་གདན་དུ་དྲངས་ནས་དྲ་ཐོག་ཏུ“རྒྱལ་ཁབ་ཀྱི་གྲངས་གཞིའི་སློབ་གཞི་མཉམ་འདྲེས་ཉེར་སྤྱོད་ཀྱི་དཔེ་སྟོན་སློབ་ཚན”གྱི་བྱེད་སྒོ་སྤེལ་སྟབས། སློབ་གྲྭའི་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་སྤུས་ལེགས་ཐོན་ཁུངས་ཁྱབ་གདལ་གཏོང་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཡོད།

ཆེད་ལས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་སློབ་གསོའི་དཔུང་ཁག་ནུས་ལྡན་བཏོད་པ་སྟེ། རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་པེ་ཅིང་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཆེད་ལས་མཁས་པ་གདན་དྲངས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་ཆེད་ལས་མཁས་པར་བསྐོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་གི་རང་སྐྱོང་ལྗོངས་ཀྱི་ཞིབ་འཇུག་ལྟེ་གནས་དང་། བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ། རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པ་དང་། དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྲགས་ཅན་དང་རྐང་འཛིན་དགེ་རྒན་རྣམས་ཁོངས་མིར་བྱས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་གི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་པས། གཅིག་མཐུན་ཚོགས་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་གི་སློབ་མཚམས་ཁག་ཏུ་གཅིག་གྱུར་གྱིས་མི་གསོ་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཐུབ་པ་དང་། གཅིག་མཐུན་ཚོགས་པའི་ཁོངས་གཏོགས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་གི་ཁ་ཕྱོགས་གཏན་འཁེལ་ཐུབ་ཅིང་། གཅིག་མཐུན་ཚོགས་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ཐད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

མཐུན་སྦྱོར་གྱིས་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཐུན་སྦྱོར་གྱིས་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་རགས་ཙམ་ཆགས་པ་སྟེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དགེ་རྒན་གྱི་སྤེལ་རེས་སྟེགས་བུ་གཅིག་གྱུར་གྱིས་འཛུགས་པ་དང་། སློབ་ཁྲིད་འབྲེལ་མཐུད་ལམ་སྲོལ་འཛུགས་པ། མི་གསོ་སྐྱོང་བྱེད་པའི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ནུས་ཤུགས་གཅིག་ཏུ་སྡུད་པ། སློབ་ཁྲིད་སྒྱུར་བཅོས་དང་གསར་གཏོད་ཀྱི་བྱེད་སྒོ་མཉམ་དུ་སྤེལ་བ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་སློབ་ཚན་གྱི་བསམ་བློ་ཆབ་སྲིད། རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་བཅས་གཅིག་འགྱུར་ཡོང་བར་སྐུལ་འདེད་བཏང་བས། མི་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་མི་གསོ་སྐྱོང་བྱེད་པའི་རྣམ་པ་རགས་ཙམ་ཆགས་པ་དང་། དེའི་ནང་ཞུགས་མཁན་ཁག་དང་སློབ་གྲྭ་ཁག་གིས་མཉམ་དུ་ཤུགས་བརྒྱབ་ནས་སྤུས་ཚད་མཐོ་བའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ལས་ཀའི་མ་ལག་ཅིག་གྲུབ་ཡོད།

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། སླད་ཕྱིན། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་རིགས་གཞུང་ཞིབ་འཇུག་ལ་མུ་མཐུད་ཤུགས་རྒྱག་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་གི་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་བ། བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་གི་ཁྱབ་ཁོངས་དུས་ཐོག་ཏུ་རྒྱ་ཆེར་གཏོང་བ། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་ནང་གནས་གོང་འཕེལ་ཡོང་བར་བྱེད་པ་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་ལྷ་སའི་ཉམས་མྱོང་དང་ལྷ་སའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 6 6 拉萨日报藏文 c182063.html 1 ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དེ་སློབ་གསོའི་བརྒྱུད་ རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། /enpproperty-->