ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན།ལྷ་ས་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ(རྒྱ་ཆེ)དང་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བརྡ་ཐོ་དང་དྲན་སྐུལ་དང་། རང་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུའི་དགོངས་དོན་དང་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།སྟོད་ལུང་བདེ་ཆེན་ཆུས་དང་། སྙེ་མོ་རྫོང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཨུ་ལྷན་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཞུས་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲང་ཏིང་ཁྲེང་གིས་བླང་བྱ་བཏོན་དོན། ཚད་གཞི་སྔར་བས་མཐོ་བ་དང་། བླང་བྱ་སྔར་བས་ནན་པ། བྱ་ཐབས་སྔར་བས་དོན་འཁྱོལ་བཅས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཐོང་ཐོས་མྱོང་གསུམ་གྱི་ཁྲོད་དུ་དད་སེམས་ཀྱི་རྨང་གཞི་བརྟན་པོར་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིབ་ཚགས་དང་ནན་ཏན་གྱི་སྒོ་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་དགོས་པ། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབེན་ཁ་གསལ་སྟོན་གྱི་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་གཙོ་བོར་འཛིན་པ་དང་།《སྲོལ་ཡིག》གི་དམིགས་ཚད་ལ་གསལ་འགྲེལ། དཔེ་མཚོན་གྱི་གྱོད་དཔེར་དབྱེ་ཞིབ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོར་དམ་འཛིན་དང་། གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། ཉེན་བརྡ་དང་ཟིལ་གནོན་གྱི་ཕན་འབྲས་ཐོན་པ་བཅས་བྱེད་དགོས།
ཀྲང་ཏིང་ཁྲེང་གིས་ནན་གསུངས་གནང་དོན།རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་བྱེད་པོའི་འགན་འཁྲི་གཙོ་བོ་ཏན་ཏིག་ཁུར་ནས་བསམ་བློ་མང་ཙམ་གཏོང་བ་དང་། ཇུས་འགོད་ཧུར་ཐག་བྱེད་པ། བྱས་རྗེས་འཇོག་པ། ལག་ལེན་དུ་བསྟར་བ་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གཙོ་གནད་ལས་འགན་ཁག་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་།རིམ་པ་ཁག་གི་ལས་ཀའི་ཆེད་དོན་ཚོགས་ཆུང་གིས་ཇུས་འདོན་ལས་རོགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་པ་དང་རྒྱུན་ལྡན་ནས་དམ་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ། གཟབ་ནན་དང་དབང་གྲགས་ལྡན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆ་འཕྲིན་ཞིབ་བཤེར་དང་ཁྱབ་བསྒྲགས་བྱེད་པའི་ལམ་སྲོལ་བཙུགས་ནས་དྲང་ཕྱོགས་ཀྱི་ཁྲིད་སྟོན་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
རྫོང(ཆུས)ཨུད་ཁག་གི་རྩ་འཛུགས་པུའི་པུའུ་ཀྲང་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་འགན་འཁུར་བ། གྲོང་ཁྱེར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚོགས་ཆུང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社