分享按钮

ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་དང་དངུལ་རྩ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྲིད་དངུལ་ཁེ་གསུམ་གྱི་མ་དངུལ་བསྡུ སྒྲིལ་གཏོང་བའི་ངོ་འཕྲད་གྲོས་མོལ་གྱི་ཚོཊ་འདུ་འཚོཊ་པ།

ཀྲའོ་ཧྲི་ཏུང་ཚོགས་འདུར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཚན་རྩལ་དངུལ་རྩ་དེ“གསར་པའི”ཕྱོགས་སུ་བསྐྱོད་རྒྱུ་སྟེ་ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་དང་དངུལ་རྩ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྲིད་དངུལ་ཁེ་གསུམ་གྱི་མ་དངུལ་བསྡུ་སྒྲིལ་གཏོང་བའི་ངོ་འཕྲད་གྲོས་མོལ་གྱི་ཚོགས་འདུ་འཚོགས་པ་རེད།

གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་ཚོགས་འདུར་ཕེབས་པ་དང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་། ཧང་ཀྲང་གཞོན་པ་དང་ལྷ་སའི་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅིའི་ལས་འགན་གཅིག་ལྕོགས་ཁུར་བའི་ཀྲའོ་ཧྲི་དབྱིན་གྱིས་ཤིས་ཚིག་བསྒྲོན་པ་རེད།

ཚོགས་འདུའི་ཐོག་ཞིང་ལས་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་དང་ལྷ་སའི་གྲོང་ཁྱེར་ཚན་རྩལ་ཅུས་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ཀྲའོ་ཧྲི་དབྱིན་གྱིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་ཁག་ཏང་ཨུད་སྲིད་གཞུང་དང་སྤྱི་ཁྱབ་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཞབས་ཞུའི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་དང་མ་ལག་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུའི་གནད་འཁེལ་རང་བཞིན་དང་ཐད་ཀའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་དང་། གསར་གཏོད་རྣམ་པའི་ཁེ་ལས། ལས་སྟེགས། གཞི་རྟེན་བཅས་དང་ཚན་རྩལ་གསར་གཏོད་རྣམ་གྲངས་གལ་ཆེན་ལ་སྟབས་བདེ་དང་གཟིགས་སྐྱོང་གི་དངུལ་རྩའི་ཞབས་ཞུ་སྔར་བས་མཁོ་འདོན་བྱ་རྒྱུ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དངུལ་རྩའི་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 ཀྲའོ་ཧྲི་ཏུང་ཚོགས་འདུར་ཕེབས་པ། 6 6 拉萨日报藏文 c182053.html 1 ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་དང་དངུལ་རྩ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྲིད་དངུལ་ཁེ་གསུམ་གྱི་མ་དངུལ་བསྡུ སྒྲིལ་གཏོང་བའི་ངོ་འཕྲད་གྲོས་མོལ་གྱི་ཚོཊ་འདུ་འཚོཊ་པ། /enpproperty-->