分享按钮

རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་རང་གྲོང་གི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཨུད་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང《བོད་རང་སྐྱོང་ལྗོངས་ཀྱིས་2024ལོར་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་བརྒྱབ་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་པའི་ལས་ཀའི་ཇུས་གཞིའི》ནང་དོན་གཙོ་བོ་གཞིར་བཟུང་། ཆེད་དོན་ཚོགས་ཆུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་ལས་དོན་དང“ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་ཞུར་གསན་པ་དང་། གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་སོགས་ཀྱི་སྡེ་ཚན་དང་རྫོང(ཆུས)ཁག་གཅིག་གི་འགན་འཁུར་བློ་མཐུན་སོ་སོས་གཏམ་བཤད་གནང་བ་རེད། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་2024ལོའི་འཛུཊ་གཏོད་ལས་དོན་གྱི་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལས་དོན་འཛུགས་གཏོད་ལ་སྔར་བས་དམ་འཛིན་ནན་པོ་བྱས་ཏེ། ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་པ། མཐུན་སྦྱོར་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཡག་པོ་བྱེད་དགོས་པ། ལས་ཀའི་སྤྱོད་ཚུལ་ཐད་སྔར་བས་འགྱུར་ལྡོག་བཏང་ནས་ལས་ཀའི་ཕན་འབྲས་དངོས་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཏན་ཏིག་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་ལས་ཡུན་ལྡོག་སྒྲིག་དང“ཅན་གསུམ”ལ་སྐུལ་འདེད་གཏོང་དགོས་པ་དང་།རང་གྲོང་གི་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལས་ཀའི་སྤུས་ཚད་ཀྱི་འགག་སྒོ་ནན་པོར་བསྲུངས་ནས་དུས་བཀག་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལམ་ལུགས་བཙུགས་ནས་ལྷག་པའི་དཀའ་གནད་དང་འགག་གནད་ལ་ཞིབ་འཇུག་ནན་ཏན་བྱེད་པ་དང་ཆེད་དོན་དགོངས་སྐོར་སྙན་སེང་ཞུ་དགོས་པ། གྲོང་ཨུད་སྤྱོད་ཚུལ་གཞུང་དོན་ཁང་དང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལྟ་ཞིབ་ཁང་གིས་ལྐོག་ཏུ་འཚམས་འདྲི་དང་དྲན་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བརྡ་ཁྱབ་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ་སྐུལ་འདེད་ནུས་ལྡན་དང་འཕེལ་རིམ་འགོར་བར་དུས་ཐོག་ཏུ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱ་རྒྱུའི་ཁ་ཆད་བྱས་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ། གྲོང་ཁྱེར་ཨུ་ལྷན་གྱི་དཔྱད་ཞིབ་གཞུང་དོན་ཁང་གིས་གཙོ་གནད་ལས་དོན་དོན་འཁྱོལ་དང་གཏན་འཁེལ་བྱས་པའི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ལ་དམ་པོར་དམིགས་ནས་དཔྱད་ཞིབ་བྱས་འབྲས་བེད་སྤྱོད་ནན་པོ་བྱས་ཏེ་ལྷ་སའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་ཚོགས་འདུར་ཕེབས་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 6 6 拉萨日报藏文 c182052.html 1 རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་རང་གྲོང་གི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ། /enpproperty-->