分享按钮

(པར་ངོས་དང་པོར་མཐུད)ལས་དོན་གྱི་བྱེད་ཐབས་ཁག་ལག་བསྟར་དང་དོན་འཁྱོལ་ཞིབ་ཕྲ་བྱས་ནས་འདམ་གཞུང་གི་ཡུལ་སྐོར་སྤུས་རྟགས་དངོས་སུ་འཛུགས་དགོས་པ་དང་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་དངོས་སུ་འཛུགས་དགོས་ཞེས་ནན་གསུངས་གནང་ཡོད།

ཧོ་ཕུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“ཆབ་སྲིད་ལས་ཁུངས”ཀྱི་གནས་བབ་བརྟན་པོར་བཙུཊ་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིཊ་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཐོག་མཐའ་བར་གསུམ་དུ་ཏང་ཨུད་ཀྱིས་འབོད་སྐུལ་བྱེད་པ་དང་། མི་དམངས་འཐུས་ཚོཊ་ཀྱི་བྱ་སྤྱོད་ཡོད་པ། བྱ་སྤྱོད་ལ་ཕན་འབྲས་ཐོན་ཐུབ་པ་བཅས་བྱེད་དགོས་པ་དང་། མི་དམངས་འཐུས་ཚོཊ་ཀྱི་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་དམངས་འཐུས་ཚོཊ་ཀྱི་འགན་ནུས་ཁག་འདོན་སྤེལ་གང་ལེཊ་བྱས་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་དང་མཐོ་རུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། མི་དམངས་འཐུས་ཚོཊ་ཀྱི་ལས་བྱེད་པ་དང་མི་དམངས་འཐུས་ཚོཊ་ཀྱི་འཐུས་མི་རྣམས་ཡུལ་ཁོངས་ཡུལ་སྐོར་ཆ་འགྲིག་འཕེལ་རྒྱས་ཆེན་པོའི་བྱ་སྤྱོད་ནང་ཧུར་ཐག་ཞུཊ་ནས་ཡུལ་ཁོངས་ཡུལ་སྐོར་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཟུང་འབྲེལ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཟུང་འབྲེལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཐོག་ནུས་ཤུཊ་ཡོད་རྒུས་ལས་ཀ་ཧུར་ཐག་བྱས་ཏེ་མི་དམངས་འཐུས་ཚོཊ་ཀྱི་འགན་འཁྲི་སྔར་ལས་ཆེ་བ་དང་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་ཐུབ་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་ཧོའུ་ཅིང་ཧྭ་དང་འདམ་གཞུང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཚེ་རིང་བརྟག་ཞིབ་ལ་ལྷན་དུ་ཞུགས་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 6 6 拉萨日报藏文 c182051.html 1 /enpproperty-->