分享按钮

གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས་ནས་རོགས་རམ་བྱེད་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་རང་བཀུར་དང་། རང་གིས་རང་ལ་ཡིད་ཆེས། རང་སྟོབས། རང་འབད་བཅས་ཀྱི་དད་སེམས་སྔར་བས་ཆེ་རུ་གཏོང་ཆེད། ཟླ་5ཚེས་29ཉིན། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ་དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས་ནས་རོགས་རམ་བྱེད་པ་གཙོ་དོན་དུ་བྱས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། དངོས་ཟོག་སྣ་ཚོགས་བསྒྲིགས་ཡོད་པ་དང་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་རང་ཉིད་ཀྱི་དགའ་ཕྱོགས་དང་དགོས་མཁོར་གཞིགས་ནས་ཚོང་ཟོག་བདམས་ཉོ་བྱས་ཤིང་། ཚང་མས་སེམས་རྩ་འཁོལ་པོས་བྱེད་སྒོར་ཞུགས་པ་དང་དུས་མཚུངས་ལས་དོན་མི་སྣས་ཡུལ་དངོས་སུ་ཉོ་སྒྲུབ་བྱས་པའི་དངུལ་ཚང་མ་བསྡོམས་རྩིས་ནན་ཏན་བརྒྱབ་ཡོད།

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་ཚེ་རིང་ཆོས་སྒྲོན་གྱིས་ན་ནིང་ཏང་འཛུགས་སྐྱོང་མནའ་འབྲེལ་གྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྤུས་རྟགས་བཏོད་པ་ནས་བཟུང་། ང་ཚོའི་ཚན་པས་སྣེ་ཁྲིད་དང་ཚན་པ་བཅུ་ལྷག་ཙམ་དང་སྤྱི་ཚོགས་སྒྲིག་གཞི་ཞུགས་པའི‘1+N’ཏང་འཛུགས་སྐྱོང་གིས་དབང་པོ་སྐྱོན་ཅན་ལ་རོགས་རམ་མནའ་འབྲེལ་བཙུགས་པ་དང་། འདི་ལོ་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་ནས་ཏང་འཛུགས་སྐྱོང་ལས་དོན་དེ་རང་གྲོང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ཡོད་ཅེས་བཤད།

བོད་ཀྱི་ལོང་བའི་རོལ་དབྱངས་རུ་ཁག་དང་པོ་ཡིན་པའི་ཁ་བཏགས་དཀར་པོ་ལོང་བའི་རོལ་དབྱངས་རུ་ཁག་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་མྱོང་ཡོད། འོན་ཀྱང་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་དང་རོལ་དབྱངས་རུ་ཁག་རང་ངོས་ཀྱི་འབད་བརྩོན་འོག་དཀའ་ངལ་ཁྱད་བསད་བྱས་པར་མ་ཟད། གྲུབ་འབྲས་ཀྱང་མང་པོ་ཐོབ་ཡོད། ད་རོལ་དབྱངས་ཚོགས་པས་རོལ་དབྱངས་དཀྲོལ་གཏོང་བྱ་རྒྱུར་བློ་རྩེ་གཅིག་ཏུ་གཞོལ་བར་མ་ཟད། ད་དུང་ལོང་བའི་དཔེ་དེབ་ལས་དོན་ཁང་བཙུགས་ནས་དཔེ་དེབ་དེ་བས་མང་བ་ལོང་ཡིག་ཏུ་བསྒྱུར་ཏེ་ལོང་བའི་ཚོགས་པ་དེ་བས་མང་བས་དཔེ་དེབ་ཀློག་རྒྱུར་སྟབས་བདེ་བསྐྲུན་པ་དང་ཁོ་ཚོའི་རིག་གནས་བློ་སྦྱོང་གོང་མཐོར་གཏོང་རྒྱུར་གཞོལ་བཞིན་ཡོད་པ་རེད། ཁ་བཏགས་དཀར་པོ་རོལ་དབྱངས་ཚོགས་པས་ཀྱང་ཁོ་ཚོའི་འབད་བརྩོན་ལ་བརྟེན་ནས་ལོང་བའི་གྲོགས་པོ་དེ་བས་མང་བར་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་གཅེས་སྐྱོང་ཚོར་ཐུབ་པར་བྱེད་ཀྱི་ཡོད།

གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་བདེ་སྐྱིད་དབྱངས་ཅན་གྱིས་གཅེས་སེམས་བཅངས་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བྱེད་སྒོ་སྤེལ་བ་བརྒྱུད། ཉམས་ཞན་ཚོགས་སྤྱིར་གཅེས་སྐྱོང་དང་ཁྲིམས་འཛིན་གྱི་དྲོ་སྐྱིད་མངོན་པར་བྱས་ཏེ་ཁ་བཏགས་དཀར་པོ་ལོང་བའི་རོལ་དབྱངས་རུ་ཁག་ལ་དྲོ་སྐྱིད་དང་རྒྱབ་སྐྱོར་བྱས་ཡོད། དུས་མཚུངས་སུ་མི་དེ་བས་མང་བ་བསྡུས་ནས་དབང་པོ་སྐྱོན་ཅན་ཚོགས་སྤྱིར་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་ནང་ཞུགས་པ་དང་། ཏང་འཛུགས་སྐྱོང་བརྒྱུད་ལས་བྱེད་པ་དང་ཉེན་རྟོག་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་ལས་བྱེད་པ་དང་ཉེན་རྟོག་པའི་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ཡོད་ཅེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 6 6 拉萨日报藏文 c182042.html 1 གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས་ནས་རོགས་རམ་བྱེད་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->