分享按钮

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་ཆེད་དོན་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)འཇམ་དཔལ་གྱིས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་འདམ་ར་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་ཁྲོད་ཐོབ་པའི་གྲུབ་འབྲས་བཟང་པོར་ཁས་ལེན་གང་ལེགས་གནང་བ་དང་དུས་མཚུངས་སུ་ལས་དོན་ཁྲོད་གནས་པའི་ཞན་ཆ་དང་མི་འདང་ས་ཡང་བཏོན་གནང་བ་རེད།

འཇམ་དཔལ་གྱིས་ནན་གསུངས་གནང་དོན། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད་ལ། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་ཐེངས་བཞི་པའི་ལས་གྲྭ་དེ་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ངོས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་གནང་བའི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་ཡིན་པ་དང་། ཀུན་ལ་ཕན་པའི་དམངས་འཚོའི་བདེ་རྩ་ཡིན་ཞེས་པའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་རྣམ་བཤད་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། ལས་ཀའི་ལས་འགན་ཁ་གསལ་བཟོ་བ། ལས་ཀའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་ལ། མཛེས་སྡུག་ལྡན་པའི་བོད་ལྗོངས་འདི་དམངས་ཡོངས་ཀྱིས་མཉམ་དུ་འཛུགས་སྐྱོང་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 6 6 拉萨日报藏文 c182041.html 1 རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་ཆེད་དོན་བརྟག་ཞིབ་གནང་བ། /enpproperty-->