分享按钮

གནམ་མཚོའི་མཛེས་ལྗོངས་ཁུལ་ལ་རིན་མེད་ཀྱི་ཐད་གཏོང་རླངས་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)གྲོང་མི་དང་ཡུལ་སྐོར་བས་ཤེས་རབ་ཡུལ་སྐོར་གྱི་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་ཉིན་གཅིག་གི་སྔོན་ལ་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་སྤ་སེ་སྔོན་མངགས་བྱས་ཚེ་རིན་མེད་ངང་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་ལ་བསྡད་ནས་ཡུལ་སྐོར་སྤྲོ་གསེང་བྱེད་ཆོག་གི་ཡོད་པ་རེད།

ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་དབྱང་ཞའོ་ཐེན་གྱིས་ང་ཚོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་ལྟར།འགྲིམ་འགྲུལ་ཐོན་ལས་ཚོགས་པ་དང་མཉམ་དུ་གནམ་མཚོའི་མཛེས་ལྗོངས་ཁུལ་ལ་བསྐྱོད་པའི་ཐད་གཏོང་རླངས་འཁོར་གྱི་དམངས་ཕན་འདུ་འགོད་དེ་འདྲ་ཞིག་བཏོད་པ་ཡིན། འདི་གར་ངས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཁག་གི་ལས་གཉེར་བའི་ཚབ་ཞུས་ནས་རྒྱ་ཆེའི་ཡུལ་སྐོར་བར་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱ་རྒྱུ་ཡིན། ཡུལ་སྐོར་བ་རྣམས་ལྷ་སར་ཡུལ་སྐོར་དུ་ཡོང་བ་དང་ཆབས་ཅིག་གནམ་མཚོའི་མཛེས་ལྗོངས་ཁུལ་ལའང་ཡུལ་སྐོར་དུ་བསྐྱོད་ནས་གནམ་མཚོའི་མཛེས་པར་མྱོང་རོལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་དེ་ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་འཁོར་སྐྱོད་བྱ་རྒྱུ་ཡིན་ཞིང་།ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཆེད་སྤྱོད་རླངས་འཁོར་གཉེར་སྐྱོང་གི་ལས་འགན་འཁུར་རྒྱུ་ཡིན་པ་རེད། ཐད་གཏོང་རླངས་འཁོར་ཉིན་རེའི་ཞོགས་པའི་ཆུ་ཚོད་7:30དང་། 8:00དང་། 8:30བཅས་ཀྱི་དུས་ཚོད་ལ་གནས་ཚང་གསོལ་མགྲོན་ཁང་གི་ཐང་ཆེན་དང་སྣེའུ་རླངས་འཁོར་འབབ་ཚུགས་ནས་གནམ་མཚོའི་ཡུལ་སྐོར་བའི་བསྡུ་འགྲེམས་ལྟེ་གནས་སུ་བསྐྱོད་ཀྱི་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་15:30དང་། 16:00དང་། 16:30བཅས་ཀྱི་དུས་ཚོད་ལ་གནམ་མཚོའི་ཡུལ་སྐོར་བའི་བསྡུ་འགྲེམས་ལྟེ་གནས་ནས་ལྷ་སར་ཕྱིར་ལོག་བྱེད་ཀྱིན་ཡོད་པ་རེད།

གནམ་མཚོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ལུང་ཆོན་གྱིས་ཉིན་རེར་ཐད་གཏོང་རླངས་འཁོར་ཐེངས་12ཡོད་པ་དང་།རླངས་འཁོར་ཚང་མར་GPSགནས་ཐིག་གཏན་འཁེལ་གྱི་མ་ལག་སྒྲིག་སྦྱོར་བྱས་ཡོད། ང་ཚོས་GPSལྟ་སྐུལ་དོ་དམ་སྟེགས་བུ་བརྒྱུད་རླངས་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་ཀྱི་ཡོད། དུས་མཚུངས་ཐད་གཏོང་རླངས་འཁོར་ནང་གསོ་རླུང་རྔུབ་ཆས་དང་གཏེར་ཆུ་མཁོ་འདོན་བྱེད་པ་དང་འབྲེལ་ཞབས་ཞུ་འགན་ལེན་གྱི་ལས་དོན་པ་གཅིག་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་ནུས་ལྡན་ངང་བསྐངས་ནས་ཕྱོགས་ཡོངས་ཀྱི་ཞབས་ཞུ་བསྒྲུབས་ཀྱི་ཡོད་ཅེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 6 6 拉萨日报藏文 c182040.html 1 གནམ་མཚོའི་མཛེས་ལྗོངས་ཁུལ་ལ་རིན་མེད་ཀྱི་ཐད་གཏོང་རླངས་འཁོར་ཐོག་མ་གཏོང་འགོ་ཚུགས་པ། /enpproperty-->