分享按钮

རང་གྲོང་གིས་མཚན་མོའི་དཔལ་འབྱོར་ཁུལ་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

(པར་ངོས་དང་པོར་མཐུད)མཚན་མོའི་འཛད་སྤྱོད་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ། འཁྲུག་ཆ་དོད་པོས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་གསར་པ་འཕེལ་བར་བྱས་ཡོད།

མིག་སྔར། རང་གྲོང་གིས་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཚོང་ལས་ཁྲོམ་གཞུང་ཁག་གཅིག་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་བཅུག་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་ལ་ཁ་ཕྱོགས་ཏེ་གཟིགས་སྐྱོང་སྲིད་ཇུས་བཟོ་བ། དོ་དམ་བྱེད་མཁན་གྱིས་ཚོང་དོན་ཁེ་ལས་ལ་ཕན་པའི་སྲིད་ཇུས་དྲིལ་བསྒྲགས་དང་། བཅའ་སྡོད་ཚོང་དུད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བཅས་བྱས་པ་བརྒྱུད། གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་སྐུལ་སྤེལ་དང་། གྲོང་ཁྱེར་གྱི་རིག་གནས་ཁྱབ་སྤེལ་དང་གྲོང་ཁྱེར་གྱི་མིང་བྱང་གཏོད་རྒྱུ་རེད། ལི་ནའེ་ཞོན་གྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་མཚན་མོའི་སོས་དལ་དང་། སྤྲོ་གསེང་། འཛད་སྤྱོད་ཀྱི་དགོས་མཁོ་ཡང་ཟམ་མི་ཆད་པར་ཆེ་རུ་སོང་བས་མཚན་མོའི་དཔལ་འབྱོར་དེ་དེང་རབས་གྲོང་ཁྱེར་གྱི་ཚོང་ལས་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཚན་མོའི་འཛད་སྤྱོད་ནི་དཔལ་འབྱོར་གྱི་འཕར་གཞི་གཙོ་བོ་ཞིག་ཀྱང་ཡིན། དེའི་ནང་ཁྲོམ་གཞུང་གི་གསོན་ཤུགས་འཕེལ་བར་བྱེད་པ་ནི་གྲོང་ཁྱེར་གྱི་ཚོང་ལས་འཕེལ་རྒྱས་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ང་ཚོས་མུ་མཐུད་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཚན་མོའི་དཔལ་འབྱོར་ཁུལ་གཏོད་རྒྱུའི་བཀོད་སྒྲིག་གཞིར་བཟུང་། འཛད་སྤྱོད་ཀྱི་གྲོང་ཁྱེར་དང་འཛད་སྤྱོད་བཀོད་སྒྲིག་གོང་མཐོར་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་ཚོང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ། བདེ་ཐང་། སྨན་བཅོས་སོགས་ཀྱི་ནང་དོན་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཛད་སྤྱོད་བར་སྟོང་གི་ཚོང་ལས་མ་ལག་འཆར་འགོད་མགྱོགས་སུ་གཏོང་རྒྱུ་དང་འབྲེལ་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད་གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 6 6 拉萨日报藏文 c182039.html 1 རང་གྲོང་གིས་མཚན་མོའི་དཔལ་འབྱོར་ཁུལ་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། /enpproperty-->