分享按钮

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་དང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས།

ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་ནན་པོ་བྱས་ནས་སྔོ་འགྱུར་ལས་དོན་གྱི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱས་པ།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱ་ཆེད། རང་གྲོང་གིས་ཡུག་ཁུལ་ཡོངས་ལ་ཁྱབ་པའི་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་དང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས། ཐོན་སྐྱེད་བདེ་འཇགས་ལས་དོན་དང་ཤིང་འཛུགས་ནགས་བཟོའི་ལྷུ་ཚིགས་ཚང་མར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ། སྔོ་འགྱུར་གྱི་སྤུས་ཚད་ལ་འགན་ལན་ཏན་ཏིག་བྱས་པ་དང་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་རེད།

ཉེ་ཆར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་རྒུ་རུམ་དགའ་གྲོང་གྲོང་ཚོའི་ཡུག་ཁུལ་1དང་2པར་གསར་འགོད་པས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་སྟོད་ལུང་སྣེའུ་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཧྲང་ཏེས་ཡུག་ཁུལ་དེའི་ཤིང་འཛུགས་མཁན་དང་ལྟ་སྐུལ་དོ་དམ་བྱེད་མཁན་ལ་ཤིང་སོན་ལ་ཆུ་རྒྱག་པའི་ལས་དོན་དང་ཐོན་སྐྱེད་བདེ་འཇགས་ལས་དོན་ཐད་ནན་བཤད་བྱེད་བཞིན་ཡོད་པ་མཐོང་བྱུང་། མིག་སྔར་ཡུག་ཁུལ་དེའི་ཤིང་འཛུགས་ལས་འགན་ལེགས་གྲུབ་ཟིན་པ་དང་། ད་ལྟ་བདག་སྐྱོང་གི་དུས་མཚམས་སུ་སླེབས་ཡོད་པ་རེད།

ཤིང་སོན་འཛུགས་སའི་ས་དོང་གི་ཟབ་ཚད་བླང་བྱ་དང་མཐུན་ཡོད་མེད་དང་། མྱུར་ཚད་ཀྱི་བླང་བྱ་ལྟར་ཤིང་འཛུགས་ཀྱི་ཡོད་མེད། ཤིང་སོན་འདེབས་འཛུགས་ཀྱི་ཟབ་ཚད་ཚད་གཞིར་སླེབས་ཡོད་མེད། ཆུ་ཡག་པོ་བཏང་ཡོད་མེད། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་སྤྲོད་ཀྱི་ཡོད་མེད། ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད་མེད་སོགས་ཀྱི་གནད་དོན་ཐད་ཝང་ཧྲང་ཏེས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱས་པར་མ་ཟད། འབྲེལ་ཡོད་ལས་ཀའི་གཙོ་གནད་ནན་བཤད་ཀྱང་བྱས་ནས་ཨར་ལས་བྱེད་མཁན་ལ་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཏེ། ཤིང་འཛུགས་ནགས་བཟོ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་པ་རེད།

ཝང་ཧྲང་ཏེས་ང་ཚོས་དུས་རྒྱུན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་ནང་དོན་ལ་ཕྱོགས་བདུན་ཚུད་ཡོད་པ་སྟེ། དང་པོ་ནི་ཤིང་འཛུགས་མྱུར་ཚད་དང་། གཉིས་པ་ནི་ནགས་བཟོའི་སྤུས་ཚད། གསུམ་པ་ནི་དོ་དམ་དང་སྲུང་སྐྱོང་གི་ལས་དོན། བཞི་པ་ནི་ཐོན་སྐྱེད་བདེ་འཇགས། ལྔ་པ་ནི་དོ་དམ་ལས་དོན་ལ་ཞིབ་བཤེར། དྲུག་པ་ནི་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱ་ཆེད་འབྲེལ་གཏུག་དང་མཐུན་སྦྱོར་ཐད་ཀྱི་ལས་དོན་བསྒྲུབ་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་དང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས། 6 6 拉萨日报藏文 c182034.html 1 ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་ནན་པོ་བྱས་ནས་སྔོ་འགྱུར་ལས་དོན་གྱི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱས་པ། /enpproperty-->