分享按钮

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་ཆེད་དོན་བརྟག་ཞིབ་གནང་བ།

འཇམ་དཔལ་གྱིས་རུ་སྣེ་ཁྲིད་པ་དང་། ཧོ་ཕུང་གིས་ཕེབས་རོགས་ཞུས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དཔལ་གྱིས་རུ་སྣེ་ཁྲིད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་ལྷ་ཀླུ་འདམ་ར་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་ཆེད་དོན་བརྟག་ཞིབ་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་དང་། གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་གིས་བརྟག་ཞིབ་གནང་བར་ཕེབས་རོགས་ཞུས་པ་རེད། བརྟག་ཞིབ་ཚོགས་ཆུང་སྔ་རྗེས་སུ་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་ཐེངས་བཞི་པའི་ལས་གྲྭའི་སྒེར་ཁང་བཤིག་སྤོའི་ས་ཚིགས་2པ་དང་། སྒེར་ཁང་བཤིག་སྤོའི་ས་ཚིགས་3པ་བཅས་སུ་ཕེབས་ནས་ཡུལ་དངོས་སུ་བརྟག་ཞིབ་དང་། སྙན་ཞུར་གསན་པ། འབྲེལ་གཏུག་སྤེལ་རེས་བཅས་ཀྱི་རྣམ་པ་བརྒྱུད། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་ཐེངས་བཞི་པའི་ལས་གྲྭའི་འཕེལ་རིམ་དང་། གནས་པའི་འགག་གནད། དཀའ་གནད་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཕྱིས་འབྱུང་གི་ལས་དོན་ཐད་བསམ་འཆར་ཡང་བཏོན་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 འཇམ་དཔལ་གྱིས་རུ་སྣེ་ཁྲིད་པ་དང་། ཧོ་ཕུང་གིས་ཕེབས་རོགས་ཞུས་པ། 6 6 拉萨日报藏文 c182033.html 1 རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་ཆེད་དོན་བརྟག་ཞིབ་གནང་བ། /enpproperty-->