分享按钮

རང་གྲོང་གི་གྲོང་ཁྱེར་ཐད་གཏོགས་ཚན་པའི་བུད་མེད་ལས་བྱེད་པ་དང་ལས་བཟོ་བའི་སྤྲོ་སྣང་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་པ།

ཀྲའོ་ཧུའེ་ཉན་གྱིས་ཤིས་ཚིག་གསུངས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་31ཉིན། རང་གྲོང་གི་གྲོང་ཁྱེར་ཐད་གཏོགས་ཚན་པའི་བུད་མེད་ལས་བྱེད་པ་དང་ལས་བཟོ་བའི་སྤྲོ་སྣང་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་པ་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་བུད་མེད་ཀྱི་མཛེས་སྡུག་ཆུང་ངུས་གྲོང་ཁྱེར་ལ་མཛེས་སྡུག་ཆེན་པོ་བསྐྲུན་ཞེས་པ་གཙོ་དོན་བྱས་པ་དང་། དེའི་དམིགས་ཡུལ་ནི་དུས་རབས་གསར་པའི་ལྷ་སའི་བུད་མེད་ཀྱི་བློ་གྲོས་དང་། སྟོབས་ཤུགས། ཉམས་འགྱུར་བཅས་མངོན་པ་དང་དུས་མཚུངས་སུ་བུད་མེད་ལས་བྱེད་པ་དང་ལས་བཟོ་བའི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཤིས་ཚིག་གསུངས་པ་དང་འབྲེལ་རང་གྲོང་གི་གྲོང་ཁྱེར་ཐད་གཏོགས་ཚན་པའི་བུད་མེད་ལས་བྱེད་པ་དང་ལས་བཟོ་བའི་སྤྲོ་སྣང་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཁོང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། གྲོང་ཁྱེར་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་བུད་མེད་ལ་ཞབས་འདེགས་ཞུ་བ་གཅིག་གྱུར་ཡོང་བར་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་ནང་ཞུགས་པ། བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་བ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་སོགས་ཀྱི་ཐད་ལས་དོན་འབོར་ཆེན་སྤེལ་ནས། རྒྱ་ཆེའི་བུད་མེད་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཁྱབ་ཁོངས་ཁག་ནང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་ངོ་65འཁོར་བའི་ལོ་ཡང་ཡིན་པས། དམངས་སེམས་གཅིག་མཐུན་གྱིས་ལྷ་སའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པའི་འགག་རྩའི་དུས་སྐབས་འདིར། རྒྱ་ཆེའི་བུད་མེད་ཀྱི་སྟོབས་ཤུགས་སྔར་བས་གཅིག་སྡུད་བྱས་ཏེ། གནམ་གྱི་ཕྱེད་ཀའི་ནུས་པ་སྔར་བས་ཀྱང་འདོན་སྤེལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལྡན་ཡོད།

ཀྲའོ་ཧུའེ་ཉན་གྱིས་བླང་བྱ་བཏོན་དོན། རྒྱ་ཆེའི་བུད་མེད་ལས་བྱེད་པ་དང་ལས་བཟོ་བས་དོན་ཆེན་བཞིར་དམིགས་པ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 ཀྲའོ་ཧུའེ་ཉན་གྱིས་ཤིས་ཚིག་གསུངས་པ། 6 6 拉萨日报藏文 c182032.html 1 རང་གྲོང་གི་གྲོང་ཁྱེར་ཐད་གཏོགས་ཚན་པའི་བུད་མེད་ལས་བྱེད་པ་དང་ལས་བཟོ་བའི་སྤྲོ་སྣང་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་པ། /enpproperty-->