ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་མི་དང་ཡུལ་སྐོར་བར་འགྲིམ་འགྲུལ་སྟབས་བདེ་ཡོང་བ་དང་།གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་གཏོང་བ།ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད། ཟླ་6ཚེས་1ཉིན་ནས་བཟུང་།རང་གྲོང་གིས་གནམ་མཚོའི་མཛེས་ལྗོངས་ཁུལ་ལ་རིན་མེད་ཀྱི་ཐད་གཏོང་རླངས་འཁོར་གཏོང་འགོ་ཚུགས་ཡོད་པ་རེད།
ཡུལ་སྐོར་བས་ཁེངས་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་སྣེའུ་རླངས་འཁོར་འབབ་ཚུགས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་ལ་བསྐྱོད་པ་དེའི་ཐོག་ནས་ལྷ་ས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་བར་གཅིག་འཐུས་རྣམ་པའི་རིན་མེད་ཀྱི་ཐད་གཏོང་རླངས་འཁོར་འགྲོ་འོང་བྱེད་པའི་ཡུལ་སྐོར་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社