分享按钮

ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི་བཙོན་ཁང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ཉེན་བརྡའི་སློབ་གསོ་སྤེལ་བ།

(པར་ངོས་དང་པོར་མཐུད)ཉེན་བརྡའི་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། ཡུལ་དངོས་སུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་དང་ལེན་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ། དེ་བཞིན་གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཏིང་ཁྲེང་དང་། ལིན་ཡུང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། མ་ཝུན་ཆིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་སོགས་ཀྱི་ལས་གནས་སུ་ཡོད་པའི་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་བཅས་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོའི་ཁྲོད། སྲིད་གཙང་སློབ་གསོའི་རྟེན་གཞིའི་ཉེན་རྟོག་དཔོན་གྱིས་སྣེ་ཁྲིད་དེ། ཚང་མས་ཏང་ཞུགས་དམ་བཅའ་བསྐྱར་དུ་དྲན་པར་བྱས་པར་མ་ཟད། ཐུན་མོང་དུ་ཉེན་བརྡའི་སློབ་གསོའི་གློག་བརྙན་ལའང་བལྟས་པ་རེད། དེ་དག་ཚང་མ་ནི། སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། གུས་ཤིང་སྐྲག་པ། དོགས་ཟོན་བྱེད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས་པའི་སློབ་གསོའི་ནང་དོན་ཤ་སྟག་ཡིན་པ་རེད། ལས་ཐོག་ཉེས་བསགས་ཀྱི་ཁྲིམས་ཆད་འཁུར་མཁན་གཉིས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ནས་ལས་ཐོག་ཉེས་བསགས་ཀྱིས་རྒྱལ་ཁབ་དང་། ཁྱིམ་ཚང་། མི་སྒེར་བཅས་ལ་གནོད་འཚེ་བཏང་ཚུལ་གླེང་བ་དང་། རང་ཉིད་རུལ་སུངས་སུ་གྱུར་པའི་བསམ་བློའི་འབྱུང་རྩར་དབྱེ་ཞིབ་ཟབ་མོ་བྱས་ཏེ། ཆེས་གཏིང་ཟབ་པའི་སྲིད་དོན་གཙང་སྐྱོང་གི་གལ་ཆེན་རང་བཞིན་བཤད་ཡོད། མཇུག་ཏུ་མི་སེམས་འགུལ་བའི་ཉེན་བརྡའི་ཅོང་སྒྲའི་འོག ཚང་མའི་སྲིད་དོན་གཙང་སྐྱོང་དང་། དབང་ཆ་གཙང་སྤྱོད། སྤྱོད་གཙང་རང་བཅུན། ཁྱིམ་ཚང་གཙང་སྐྱོང་བཅས་ཀྱི་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་མཐའ་མེད་པ་དང་། ལྟ་སྐུལ་རྟག་ཏུ་གནས་པ། ཟིལ་གནོན་རྟག་ཏུ་གནས་པ། རང་རྟོགས་ཀྱིས་གྱོད་དཔེ་དཔྱད་གཞིར་འཛིན་པ། ཏང་གཤིས་བརྟན་སྲུང་། རིམ་བཞིན་སྔོན་འགོག་བཅས་བྱེད་དགོས་པའི་བསླབ་བྱ་ཐོབ་ཡོད།

“བར་ཐག་མེད་པ”དང“ངོ་ཐུག་གདོང་འཕྲད”ཀྱི་ཉེན་བརྡའི་སློབ་གསོ་གཏོང་སྟངས་བརྒྱུད། ཏང་ཡོན་ལས་བྱེད་པས་ཏང་སྲོལ་སྲིད་གཙང་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་ཟབ་མོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་དུ་སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད། ཕུགས་བསམ་དང་དད་སེམས་སྔར་བས་འཆང་བ་དང་། དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་པོར་སྲུང་བ། ཉེས་བསགས་ཀྱི་གྱོད་དཔེ་མེ་ལོང་དུ་བཟུང་ནས་བསླབ་བྱ་ལེན་པ། རུལ་འགོག་གི་བསམ་བློའི་འཛིང་རགས་བརྟན་པོར་སྐྲུན་པ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱ་རྒྱུ་དང་། ལག་ལེན་དངོས་ཀྱི་ཐོག་ནས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གྲོང་ཨུད་གཞུང་ལས་ཁང་དང་། གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན། གྲོང་ཨུད་སྐོར་ཞིབ་གཞུང་དོན་ཁང་། གྲོང་ཨུད་རྩ་འཛུགས་པུའུ། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་བཅས་ཀྱི་ཏང་ཡོན་ལས་བྱེད་པའི་འཐུས་མི་བྱེད་སྒོར་ཞུགས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 6 6 拉萨日报藏文 c181935.html 1 ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི་བཙོན་ཁང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ཉེན་བརྡའི་སློབ་གསོ་སྤེལ་བ། /enpproperty-->