分享按钮

(པར་ངོས་དང་པོར་མཐུད)སྤྲོ་སེམས་འཛིན་གྲྭ་ཁག་གི་ནང་དུ་ཕེབས་ཏེ་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་པ་དང་འབྲེལ་དུས་ཆེན་གྱི་ལག་རྟགས་ཀྱང་སྤྲད་དེ་ཕྲུ་གུ་ཚོར་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། “ཨ་ཁུ་གྲོང་སྤྱི་ལགས་སྐུ་ཁམས་བཟང”ཞེས་དང“ཨ་ཁུ་གྲོང་སྤྱི་ལགས་ཐུགས་རྗེ་ཆེ”ཞེས་ཕྲུ་གུ་ཚོས“ཨ་ཁུ་གྲོང་སྤྱི་ལགས”ལ་འཚམས་འདྲི་ཞུས་ཤིང་། ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཝང་ཆང་གིས་ཕྲུ་གུ་ཚོར་དགེ་རྒན་ལ་བརྩི་བཀུར་དང་། ཕ་མར་སྲི་ཞུ། སློབ་གྲོགས་ལ་མཛའ་བརྩེ་བཅངས་བ་བཅས་བྱེད་དགོས་པ་དང་། ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་དང་། རིག་གནས་ཤེས་བྱ་ཡག་པོ་སྦྱོང་བ། དགའ་ཕྱོགས་ཕུན་སུམ་ཚོགས་སུ་གཏོང་བ། ཀུན་སྤྱོད་བཟང་པོ་ཞིག་ཆགས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་ཏུ་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།

ཝང་ཆང་གིས་ཡུལ་དངོས་སུ་སློབ་གྲྭའི་འབྲེལ་ཡོད་སྒྲིག་ཆས་ལ་གཟིགས་ཞིབ་གནང་བར་མ་ཟད། དགེ་རྒན་གྱི་སྟོབས་ཤུགས་དང་། སློབ་གཉེར་སློབ་བསྡུ། སློབ་གསོའི་ཁྱད་ཆོས་སོགས་ཀྱི་གནས་ཚུལ་ལ་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བུ་བཅོལ་ཁང་གིས་གཉེར་བའི་ངལ་རྩོལ་ཉམས་ལེན་གྱི་སློབ་ཚན་དང་སློབ་གྲྭའི་སྔོ་འགྱུར་མཛེས་ལྗོངས་ཀྱི་བཀོད་པར་ཁས་ལེན་གང་ལེགས་གནང་བ་རེད། ཝང་ཆང་གིས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མི་རིགས་ཀྱི་རེ་བ། རྒྱལ་ཁབ་ཀྱི་མ་འོངས་པ་བཅས་ཡིན་པས། རྒྱ་ཆེའི་སློབ་གསོ་ལས་དོན་པས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་བློ་ལ་བརྟན་པོར་ངེས་ནས། སློབ་གསོའི་བྱ་གཞག་ལ་བློ་གཅིག་སེམས་གཅིག་དང་སེམས་གཏིང་ནས་དགའ་ཞེན་དང་། ཐོག་མའི་བསམ་འདུན་བརྟན་སྲུང་། བློ་རྩེ་གཅིག་སྒྲིམ་གྱིས་མི་གསོ་སྐྱོང་། སློབ་གསོར་སྤྲོ་སྣང་ཡོད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། བྱིས་པའི་རང་གཤིས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་ལོ་ཆུང་བྱིས་པར“མི་ཚེའི་སྒྲོག་གུ་དང་པོ”ཡག་པོ་རྒྱག་རོགས་བྱེད་དགོས་པ་དང་།སེམས་རྩ་འཁོལ་པོས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བྱིས་པའི་སྣེ་འཁྲིད་པ་ཡག་པོ་ཞིག་བྱེད་དགོས། སློབ་གྲྭ་ཁག་གིས་སྔར་རྒྱུན་བཞིན་དོ་དམ་བྱེད་ཤུགས་ལེགས་སུ་བཏང་ནས་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། སློབ་གྲྭའི་ཁོར་ཡུག་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ལོ་ཆུང་བྱིས་པར་བདེ་འཇགས་དང་། བདེ་ཐང་། སྤྲོ་སྣང་བཅས་ལྡན་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཡག་པོ་ཅིག་གཏོད་དགོས་པ། རིམ་ཁག་སློབ་གསོའི་སྡེ་ཁག་གིས་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། “གཉིས་འཕྲིའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སློབ་གྲྭས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་བར་ཁྲིད་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ། ལོ་ཆུང་བྱིས་པ་རྣམས“གདེང་ཚོད་བཞི”ལྡན་གྱི་བྱིས་པ་བཟང་པོ་ཞིག་དང་། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 6 6 拉萨日报藏文 c181934.html 1 /enpproperty-->