分享按钮

མལ་གྲོ་གུང་དཀར་རྫོང་གིས་རྒྱ་མ་ཤང་གི་ཆེད་ལས་མེ་ཟོན་རུ་ཁག་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོཊ་པ།

དགྲ་འདུལ་གྱིས་གསུང་བཤད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན། མལ་གྲོ་གུང་དཀར་རྫོང་གིས་རྒྱ་མ་ཤང་ཆེད་ལས་མེ་ཟོན་རུ་ཁག་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

མཛད་སྒོའི་ཐོག དགྲ་འདུལ་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་རྒྱ་མ་ཤང་གི་ཆེད་ལས་མེ་ཟོན་རུ་ཁག་བཙུཊ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་རྒྱ་མ་ཤང་གི་ཆེད་ལས་མེ་ཟོན་རུ་ཁག་བཙུཊ་པ་ནི་རང་སྐྱོང་ལྗོངས་སྲིད་གཞུང་གི《ལྗོངས་ཡོངས་ཀྱི་གཞི་རིམ་མེ་ཟོན་སྟོབས་ཤུཊ་འཛུཊ་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་གནང་བའི་བྱ་ཐབས་གལ་ཆེན་ཞིག་རེད། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གོ་སྐབས་དེ་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་མ་དཔེ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

དགྲ་འདུལ་གྱིས་ལས་འགན་བློ་ལ་བརྟན་པོར་ངེས་ནས་རང་འགུལ་ངང་འགན་འཁུར་དགོས། ཤང་དང་གྲོང་རྡལ་གྱི་ཆེད་གཉེར་རུ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མེ་ཟོན་རོགས་སྐྱོབ་ཀྱི“སྔ་ས་ནས་མེ་སྐྱོན་ཆུང་ཆུང་མེད་པར་བཟོ་བའི”དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཏེ་མེ་ཟོན་རོགས་སྐྱོབ་ཀྱི“ཐོག་མའི་འགག་གནད”དང་མེ་ཟོན་ལྟ་སྐུལ་གྱི“མཐའ་མའི་འགག་གནད”བསལ་ཏེ་གཞི་རིམ་གྱི་མེ་ཟོན་བདེ་འཇགས་སྲུང་ཡོལ་ཕྱོགས་ཡོངས་ནས་བརྟན་པོར་གཏོད་དགོས། ནུས་རྩལ་སྦྱོང་བརྡར་བྱས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་སྲུང་དགོས། སྲིད་གཞུང་གི་ཆེད་ལས་མེ་ཟོན་རུ་ཁག་གི་དཔུང་ཁག་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། མེ་ཟོན་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ། མེ་ཟོན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྲིད་གཞུང་གི་ཆེད་ལས་མེ་ཟོན་རུ་ཁག་དེ་ཆེད་ལས་ཅན་གྱི་དཔུང་ཁག་ཅིག་ཏུ་གང་མགྱོགས་བསྐྲུན་དགོས།རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ལྷ་ས་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ཏེ་མེ་ཟོན་ཁྲིམས་འཛིན་ཞབས་ཞུར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་སྣོན་རྒྱག་པ་དང་། མེ་ཟོན་གྱི་ཚོང་གཉེར་ཁོར་ཡུག་ལེཊ་སུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་ནན་པོར་སྲུང་བ། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སེལ་བ་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 དགྲ་འདུལ་གྱིས་གསུང་བཤད་གནང་བ། 6 6 拉萨日报藏文 c181929.html 1 མལ་གྲོ་གུང་དཀར་རྫོང་གིས་རྒྱ་མ་ཤང་གི་ཆེད་ལས་མེ་ཟོན་རུ་ཁག་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོཊ་པ། /enpproperty-->