分享按钮

རང་གྲོང་གིས་འགྱིགས་སྙིཊ་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་མཉམ་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་28ཉིན་གྱི་སྔ་དྲོ། འགྱིགས་སྙིགས་འགོག་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་འགྱིཊ་སྙིགས་གཏན་འགོག་མཐུན་ཚོགས་དང་མཉམ་དུ་ཁྲེང་ཀོན་ཝན་ཏཱ་ཐང་ཆེན་དུ“འགྱིགས་སྙིགས་བཀག་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང”ཞེས་པ་གཙོ་དོན་དུ་བྱས་ཏེ།འགྱིགས་སྙིགས་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་གྲོང་ཁྱེར་ནོར་སྲིད་ཅུས་སོགས་ཚན་པ་10ལྷག་ཙམ་བྱེད་སྒོའི་ནང་ཞུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་མངོན་གསལ་དོད་པའི་དྲིལ་བསྒྲགས་འགྲེམས་པང་ཐོག་འགྱིགས་སྙིགས་ཀྱི་གནོད་འཚེ་དང་བཞུ་རུང་བའི་རྒྱུ་ཆའི་གལ་ཆེའི་རང་བཞིན་མངོན་པར་བྱས་པ་དང་།ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་དང་ཁོར་ཡུག་སྲུང་སྐྱོང་གི་ལྟོ་ཕད་སྣ་ཚོགས་སྤྲད་པ་དང་འབྲེལ་མང་ཚོགས་ཀྱི་དོགས་འདྲི་ལ་ངང་རྒྱུད་རིང་པོས་ལན་བཏབ་པ་རེད། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ལམ་ནས་འགྲེལ་བཤད་བརྒྱབ་པ་བརྒྱུད།མང་ཚོགས་ཀྱིས་འགྱིགས་སྙིགས་ཀྱི་གནོད་པ་ཤེས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།མང་ཚོགས་ཀྱིས་རྒྱུན་གཏན་འཚོ་བའི་ནང་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་ཐོན་རྫས་བེད་སྤྱོད་གཏོང་ཉུང་དུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

གྲོང་མི་ཝང་ཧའོ་ཞན་གྱིས་དེ་རིང་གི་དྲིལ་བསྒྲཊ་བྱེད་སྒོས་ང་ལ་བློ་སྐྱེད་ཆེན་པོ་བྱུང་། ཁོར་ཡུག་སྲུང་སྐྱོང་གི་དྲན་རྟེན་དངོས་པོ་རག་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཡང་མང་པོ་ཞིག་ཤེས་བྱུང་། སླད་ཕྱིན་ངས་ཁོར་ཡུག་སྲུང་སྐྱོང་གི་གད་སྙིགས་བླུགས་སྣོད་བེད་སྤྱོད་གཏོང་གང་ཐུབ་བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ནུས་ཤུཊ་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད།

གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཁྲེང་ཀོན་ཆུས་ཡན་ལག་ཅུས་ཁྲིམས་འཛིན་རུ་ཆེན་གྱི་ཙེང་ཧོ་ཧྲེང་གིས་ང་ཚོས་བྱེད་སྒོ་དེ་རིགས་བརྒྱུད་སྤྱི་དམངས་ཀྱི་ངོས་འཛིན་མཐོ་རུ་བཏང་ནས་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དེ་བས་མང་བ་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ནང་ཞུགས་སུ་འཇུག་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་དྲིལ་བསྒྲགས་དངོས་པོ་དངོས་པོ་5000ལྷག་ཙམ་སྤྲད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 6 6 拉萨日报藏文 c181930.html 1 རང་གྲོང་གིས་འགྱིགས་སྙིཊ་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->