ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་ཟླ་5པའི་བཀོད་གཏོང་ཚོཊ་འདུ་འཚོགས་ཤིང་། ཚོཊ་འདུའི་ཐོག་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་གཞི་རིམ་བཅོས་སྐྱོང་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས“ཚད་གཞི་གསུམ”ལ་དམིགས་པ་དང“ཅན་བཞི་མཉམ་འདྲེས”དང“འདུ་འགོད་ལྔ”ལག་བསྟར་བྱས་ཏེ།རང་གྲོང་གི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་ལས་འགན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་ལས་དོན་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲང་ཏིང་ཁྲེང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་ནི་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ཕུགས་ཀྱི་ཇུས་གཞི་དང་རྩ་བ་བརྟན་དུ་གཏོང་བའི་བྱ་ཐབས་ཤིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཞིབ་ཕྲའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས་པ་དང་། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རིམ་དབྱེའི་ཇུས་འདོན་དང་། འབེན་ཕྱོགས་སུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་འདུ་ཤེས་བཅས་དྲག་པོར་བརྟེན་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལ་དམིགས་ཏེ་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཀྲང་ཏིང་ཁྲེང་གིས་ཏང་འཛུཊ་སྐྱོང་གི་སྣེ་ཁྲིད་ནི་གཞི་རིམ་བཅོས་སྐྱོང་གི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན་པ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཀྱིས་གཞི་རིམ་བཅོས་སྐྱོང་གི་གྲུབ་འབྲས་ཐག་གཅོད་བྱེད་ཀྱི་ཡོད་པས། རྨང་གཞིའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གཏན་འབེབས་བྱ་སྤྱོད་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱེད་པ། མུ་མཐུད་ནས་ཁོར་ཡུག་ཟབ་མོ་གཏོད་པ། དཔེ་མཚོན་ཉམས་མྱོང་སྔོག་འདོན་ཤུཊ་ཆེན་བྱེད་པ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཤུཊ་ཆེན་གཏོང་དགོས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི“ཞིབ་བཤེར་བྱེད་ཐབས”ལྟ་བུར་བརྩིས་ནས་རྩ་འཛུཊ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ལག་བསྟར་བྱེད་ཤུཊ་ཆེ་རུ་གཏོང་བ། འཐབ་འཛིང་གི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཏེ།བྱ་གཞག་ཐད་བཞུན་བརྡར་དང་སྙིང་རུས་ཆེ་བའི་གཞི་རིམ་བཅོས་སྐྱོང་གི་རྐང་འཛིན་དཔུང་ཁག་ཅིག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།
རྫོང(ཆུས)ཨུད་ཁག་གི་རྩ་འཛུཊ་པུའི་པུའུ་ཀྲང་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་འཛུཊ་སྐྱོང་ལས་དོན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社