分享按钮

(པར་ངོས་དང་པོར་མཐུད)ཏང་ཀྲུང་དབྱང་གིས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་གྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གཙོ་དོན་དུ་འགྱུར་བ་དང་སྦྲགས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ད་དུང་འབོར་ཆེན་གནས་པས་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་ཏན་བྱེད་དགོས། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་གནས་ལུཊ་ངོ་མ་ཡིན་པ་སེམས་ལ་བརྟན་པོར་ངེས་པར་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་པ། ཕྱོཊ་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྱོང་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་རྒྱ་འཕེར་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་བསྐྲུན་པ། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་སོཊ་འཐབ་ཇུས་ལས་འགན་དོན་འཁྱོལ་གནད་ལ་འཁེལ་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོར་འདིང་དགོས།

གསུང་རྩོམ་ནང་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་འདོན་ས་གལ་ཆེན་ཞིག་ཡིན། ངས་ཐོན་སྐྱེད་ནུས་ཤུགས་གསར་པ་ཞེས་པའི་གོ་དོན་འདི་དང་ཐོན་སྐྱེད་ནུས་ཤུགས་གསར་པ་གོང་དུ་སྤེལ་བའི་ལས་འགན་གལ་ཆེན་འདི་འདོན་པའི་བསམ་བློ་གཏོང་ཡུལ་གཙོ་བོ་ནི། ཐོན་སྐྱེད་ནུས་ཤུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་སྒུལ་ཤུགས་ཤིག་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་དང་ཆབ་སྲིད་འཕོ་འགྱུར་མཐའ་དག་གི་མཐར་ཐུག་གི་རྒྱུ་རྐྱེན་ཡང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་སྐྱེད་ནུས་ཤུགས་ཀྱི་རིགས་པའི་གཞུང་ལུགས་གསར་པའི་སྟེང་ནས་མཛུབ་སྟོན་བྱེད་དགོས་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་ལག་ལེན་གྱི་ཁྲོད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་དང་རྒྱབ་སྐྱོར་གྱི་ནུས་པ་ཆེན་པོ་ཆགས་ཟིན་པར་མ་ཟད་མངོན་པར་བྱས་ཡོད་པས། ང་ཚོས་རིཊ་པའི་གཞུང་ལུགས་ཀྱི་ཐོག་ནས་ཕྱོགས་བསྡོམས་དང་སྙིང་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་མཛུབ་སྟོན་བྱེད་དགོས་པ། མདོར་བསྡུས་ནས་བཤད་ན། ཐོན་སྐྱེད་ནུས་ཤུགས་གསར་པ་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྣོན་བྱེད་སྟངས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཐབས་ལས་བརྒལ་བ། ཚན་རྩལ་མཐོ་ཞིང་ནུས་པ་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མཐུན་པའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་རྣམ་པ་བཅས་ལྡན་ཡོད། དེ་ནི་གསར་བརྗེའི་ལག་རྩལ་རང་བཞིན་གྱི་མཁྲེགས་གཏོར་དང་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག་དང་། ཐོན་ལས་གཏིང་ཟབ་པའི་སྒོ་ནས་ཚུལ་སྒྱུར་རིམ་སྤོར་བཅས་ལས་བྱུང་བ་དང་། ངལ་རྩོལ་པ་དང་ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་དང་དེ་མིན་ལེགས་སྒྱུར་སྡེབ་སྒྲིག་གི་མཆོང་སྐྱོད་དེ་རྩ་བའི་ནང་དོན་དུ་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་ཆེས་ཆེར་ཇེ་མཐོར་འགྲོ་བ་དེ་ལྟེ་བའི་མཚོན་རྟགས་སུ་བྱེད་པ། ཁྱད་ཆོས་ནི་གསར་གཏོད་ཡིན་པ་དང་། གནད་འགག་ནི་སྤུས་ཚད་ལེགས་པ། ངོ་བོ་ནི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཡིན།

གསུང་རྩོམ་ནང་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་པའི་མངོན་གསལ་གྱི་ཁྱད་ཆོས་ནི་གསར་གཏོད་ཡིན་ཞིང་། དེའི་ནང་ལག་རྩལ་དང་ལས་རིགས་རྣམ་པའི་གསར་གཏོད་ཚུད་ཡོད་ལ་དོ་དམ་དང་ལམ་ལུགས་རྣམ་པའི་གསར་གཏོད་ཀྱང་ཚུད་ཡོད། ངེས་པར་དུ་གསར་གཏོད་ཀྱི་ལས་དོན་གལ་ཆེན་འདི་མུ་མཐུད་ནས་ལེགས་པར་བསྒྲུབས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་སྟེ། དང་པོ། ཚན་རྩལ་གསར་གཏོད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་པ་ནི་གཙོ་བོ་ལག་རྩལ་གསར་བརྗེའི་རང་བཞིན་གྱི་ཚད་བརྒལ་ལས་བྱུང་བ་ཞིག་ཡིན་ཞིང་། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་པ་དང་མ་དཔེ་གསར་པ། སྒུལ་ཤུགས་གསར་པ་བཅས་རྒྱ་བསྐྱེད་ཐུབ་པས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། དེའི་ཐོག་ནས་ང་ཚོས་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་གསར་གཏོད་རང་བཞིན་གྱི་ཚན་རྩལ་གསར་གཏོད་ལ་ཤུཊ་བསྣན་ཏེ།

ཆུ་ཚད་མཐོ་བའི་ཚན་རྩལ་མྱུར་དུ་རང་རྒྱ་འཕེར་བ་མངོན་འགྱུར་བྱེད་པར་བླང་བྱ་བཏོན་ཡོད། གཉིས་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་ལ་དངོས་སུ་བསྒྱུར་རྒྱུ་དང་། དེའི་མཚོན་ཚུལ་ནི་ཐོན་ལས་གསར་པ་སྐྱེད་སྲིང་དང་གཏིང་ཟབ་པའི་སྒོ་ནས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དུས་ཐོག་ཏུ་བྱེ་བྲག་གི་ཐོན་ལས་དང་ཐོན་ལས་ཕྲེང་འབྲེལ་སྟེང་བེད་སྤྱོད་བྱས་ཏེ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་མཐོར་འདེགས་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་བསྐྱེད་པ། མ་འོངས་པའི་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བཅས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས། གསུམ་པ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་ནི་མ་གཞི་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་ཡིན། ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་བསྒྱུར་ནས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱེད་པར་རོགས་རམ་བྱེད་དགོས། བཞི་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཐོན་སྐྱེད་འབྲེལ་བ་དེ་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་འཚམ་དགོས། ཐོན་སྐྱེད་ནུས་ཤུགས་གསར་པ་གོང་དུ་སྤེལ་བར་ངེས་པར་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་དེ་དང་འཚམ་པའི་ཐོན་སྐྱེད་འབྲེལ་བ་གསར་པ་ཆགས་པར་བྱེད་དགོས། ལྔ་པ། ཤེས་ལྡན་མི་སྣའི་ལས་དོན་ལམ་སྲོལ་གསར་གཏོད་བྱེད་དགོས། ཐོན་སྐྱེད་ནུས་ཤུཊ་གསར་པ་གོང་དུ་སྤེལ་བའི་བླང་བྱ་ལྟར། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཤར་གཏོང་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད། ལུཊ་མཐུན་འཁོར་རྒྱུག་བཅས་བྱེད་པའི་ལས་དོན་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 6 6 拉萨日报藏文 c181927.html 1 /enpproperty-->