(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འཕེལ་རིམ་གསར་པར་སླེབས་ཤིང་། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་འབྲེལ་བ་ཚང་མའི་སེམས་སུ་འཇགས་པར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་འཛད་མེད་ཀྱི་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད། ཡུན་རིང་མ་སོང་བའི་སྔོན། ཀྲུང་གོའི་ཐེན་ཅིན་སློབ་ཆེན་ལ་སློབ་གཉེར་དུ་ཡོང་བའི་མ་ལེ་ཞི་ཡའི་སློབ་མས་མཉམ་དུ་བྲིས་པའི་འཕྲིན་ཡིག་འབྱོར་ཞིང་། ཁོ་ཚོས་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་བརྩེ་བརྒྱུད་སྒྲོག་པ་དང་སྐུལ་འདེད་པ་བྱས་ནས། རང་གིས་སྦྱངས་པའི་ཤེས་བྱས་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བཅངས་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་བྱ་གཞག་ལ་རྒྱུད་འཛིན་བྱེད་མཁན་ཡོད་པས་ང་རང་བློ་བདེ་པོ་བྱུང་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་ཞིག་ཏུ་སླེབས་ཡོད། ངས་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལ་ཞིན་དང་མཉམ་དུ། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོཊ་པ་འཛུཊ་རྒྱུའི་ཐད་གྲུབ་འབྲས་གསར་པ་རྒྱུན་མཐུད་ངང་ཐོབ་པར་སྣེ་ཁྲིད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུ་དང་། ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་ཆེད། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི་རྗེས་ཕྱོཊ་ཀྱི་འོད་སྟོང་འབར་བའི་ལོ་ངོ་ལྔ་བཅུ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།
དབྱི་པུའུ་ལ་ཞིན་གྱིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་སོང་བའི་རིང་། མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་མཐོང་ཆེན་དང་ཡིད་རྟོན་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བས་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བླངས་ཡོད། 2013ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་འཚོང་དང་། མ་འཇོག རིག་གནས། དམངས་ཁྲོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་སྔར་ལས་གཏིང་ཟབ་དང་རྒྱ་སྐྱེད་བྱུང་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་མཉམ་དུ་རྟེན་འབྲེལ་ཞུ་བའི་དུས་འདིར། མ་ལེ་ཞི་ཡས་དུས་ནམ་ཡང་ཀྲུང་གོ་དང་ལག་གདང་མཉམ་སྦྲེལ་གྱིས་འབད་འཐབ་བྱེད་པ་དང་། མཉམ་དུ་དར་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རྒྱུན་མཐུད་སྒོས་ཕན་བདེ་བསྐྲུན་རྒྱུ་ཡིན།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་དང་མ་ལེ་ཞི་ཡའི་སྲིད་བློན་ཨན་ཝ་ཨར་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད། ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་ལག་གདང་མཉམ་སྦྲེལ་གྱིས་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པ་དེ་འགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ནས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཟབ་མོ་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱ་སྐྱེད་པ། མི་དམངས་འགྲོགས་འདྲིས་ཆེ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས།
ཨན་ཝ་ཨར་གྱིས་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུཊ་པའི་ཚུན་ལ། མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་མཐོང་ཆེན་དང་ཡིད་རྟོན་བྱེད་པའི་རྨང་གཞིའི་སྟེང་ལོ་རྒྱུས་རྡོ་རིང་ལྟ་བུའི་གྲུབ་འབྲས་བླངས་ཡོད། ཕྱོཊ་གཉིས་ཀྱིས་མཐོ་རིམ་དབར་གྱི་འཚམས་འདྲི་དང་རྗེས་དྲན་བྱ་འགུལ་ཕུན་སུམ་ཚོཊ་པ་སྤེལ་ཞིང་། འབྲེལ་བ་བཙུཊ་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བཞིན་པ་དེས་རྒྱལ་ཁབ་གཉིས་ཀྱི་རོཊ་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོ་དང་འཐབ་ཇུས་ཀྱི་དོན་སྙིང་གསལ་པོར་མངོན་ཡོད་ཅེས་བསྟན།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社