ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས(ས་ཡོམ་ཅུས)ཀྱིས་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པར་མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་དང་། མི་ཚང་མས་འཕྲལ་སྡོམ་བྱེད་ཐུབ་པ་ཞེས་པའི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ཤེས་བྱ་དང་། ས་ཡོམ་གྱི་ཚན་རིག་ཁྱབ་གདལ་དང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་ཅེས་པའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་སྒྲིག་འཛུགས་བྱས་ནས་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་གྱི་མི་སྣ་ཁ་འགྲེམས་ནང་སྦྱོང་བྱས་པ་དང་། ནང་སྦྱོང་ཧྲིལ་པོ་སྒྲིག་འཛུགས་ནན་པོ་དང་། བྱ་སྤྱོད་མྱུར་པོ། དགེ་སློབ་ཀྱི་གཞོགས་འདེགས་འོས་འཚམ་བཅས་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས(ས་ཡོམ་ཅུས)ཀྱིས་སློབ་གྲྭར་ས་ཡོམ་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་དང་འབྲེལ་འཆད་ཁྲིད་དང་། འཁྲབ་སྟོན། མཉམ་འགུལ་དྲིས་ལན་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དགེ་སློབ་ཚོར་ས་ཡོམ་གྱི་འབྱུང་རྐྱེན་དང་། ས་ཡོམ་གྱི་སྔོན་ཚུད་ཉེན་བརྡའི་རྩ་བའི་རིག་པ། འཕྲལ་སྡོམ་ཉེན་གཡོལ་གྱི་ཤེས་བྱ་སོགས་ཁྱབ་གདལ་དུ་བཏང་བ་དང་། དགེ་སློབ་རྣམས་ཀྱིས་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་དོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་མི་སེམས་སུ་ཟུག་པར་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད། སློབ་གྲྭའི་དགེ་སློབ་རྣམས་ཧུར་ཐག་ཞུགས་པ་དང་། སློབ་སྦྱོང་ནན་ཏན་བྱས་ནས་ཉེན་ཁའི་ཁོར་ཡུག་ཁྲོད་མྱུར་དུ་རང་སྲོག་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་གཞི་རྩའི་བྱ་ཐབས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། སློབ་གྲྭར་གློ་བུར་དུ་བྱུང་བའི་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་ནུས་ཆེ་རུ་བཏང་བ་དང་། དགེ་སློབ་རྣམས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བར་མི་ཚང་མ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社