分享按钮

སྟོད་ལུང་བདེ་ཆེན་ཆུས་གཅེས་ཕྲུག་དགའ་ཚལ་བུ་བཅོལ་ཁང་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བྱིས་པར་སྤྲོ་སྣང་ལྡན་པ་དང་། ཕུན་སུམ་ཚོགས་པ། དོན་སྙིང་ལྡན་པའི་དུས་ཆེན་ཞིག་གཏོང་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་གཅེས་ཕྲུག་དགའ་ཚལ་བུ་བཅོལ་ཁང་གི་དགེ་སློབ་དང་ཁྱིམ་བདག་ཚང་མ་མཉམ་འཛོམས་བྱས་ནས་སྒྱུ་རྩལ་གྱིས་བྱིས་སེམས་ལ་སྤྲོ་སྣང་སྦྱིན་པ་དང་། འབྱུང་འགྱུར་གྱི་ངོ་མཚར་གཏོད་ཅེས་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།

བུ་བཅོལ་ཁང་གི་སློབ་སྤྱིས་བཏང་བའི《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་དབྱངས་ཀྱི་ཁྲོད་དུ་རིག་རྩལ་འཁྲབ་སྟོན་འགོ་ཚུགས་པ་དང་། དེ་རྗེས་བུ་བཅོལ་ཁང་དེའི་དགེ་སློབ་ཚོས་རྐྱང་གཞས《གཅིག་དབྱར་ཁ་དང་འདྲ་བ་དང་། གཅིག་སྟོན་ཁ་དང་འདྲ་བ》ཞེས་པ་དང་། ཞབས་བྲོ《ཀྭ་ཀྭ་སྦྱོང་བརྡར་རོལ་དབྱངས》དང《སློབ་ཚན་གསུམ་པ》ཞེས་པ་སོཊ་ངོ་མཚར་ཆེ་བའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་པ་དང་། བྱེད་སྒོའི་ནང་ད་དུང་ཕུལ་བྱུང་ཁྱིམ་བདག་ཨུ་ལྷན་གྱི་ཁོངས་མིར་བྱ་དགའི་ལག་ཁྱེར་སྤྲད་པ་རེད།

སྤྲོ་སྣང་གི་ཚོགས་ར་དང་། མཛེས་སྡུག་ལྡན་པའི་གྱོན་ཆས། བྱིས་པའི་གླུ་སྒྲ། མཛེས་ཉམས་ཀྱིས་ཕྱུག་པའི་སྟངས་སྟབས། མི་སེམས་འགུལ་བའི་འགྱུར་ཁུག་བཅས་ལས་ཕྲུ་གུ་ཚོའི་སེམས་ནང་གི་སྤྲོ་སྣང་དང་དགའ་སྤྲོ་མཚོན་པ་དང་། བྱིས་པའི་ལྷད་མེད་ཀྱི་གཤིས་རྒྱུད་དང་ཡིད་ཆེས་ངོམ་སྟོན་བྱས་པ། ཕྲུ་གུ་ཚོར་རང་ཉིད་ངོམ་སྟོན་གྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད། བུ་བཅོལ་ཁང་གི་ཁྱིམ་བདག་ཨུ་ལྷན་གྱི་འཐུས་མི་ཚུལ་ཁྲིམས་དབང་འདུས་ཀྱིས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཐུབ་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་། ང་ཚོའི་ཁྱིམ་བདག་ཨུ་ལྷན་གྱིས་སློབ་གྲྭ་དང་འབྲེལ་བ་དམ་ཟབ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་དྲུག་གཅིག་གི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཁྱིམ་བདག་དང་བུ་བཅོལ་ཁང་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཧུར་བརྩོན་ཡར་ཐོན་གྱི་སློབ་གསོའི་རྣམ་པ་བཏོད་ནས་ཕྲུ་གུ་ཚོར་འཚར་ལོངས་དང་སྤེལ་རེས་ཀྱི་ཁོར་ཡུག་དེ་བས་ལེགས་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 6 6 拉萨日报藏文 c181917.html 1 སྟོད་ལུང་བདེ་ཆེན་ཆུས་གཅེས་ཕྲུག་དགའ་ཚལ་བུ་བཅོལ་ཁང་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ། /enpproperty-->