分享按钮

(པར་ངོས་དང་པོར་མཐུད)དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་བ་བཅས་བྱས་ཐོག་དངུལ་རྩའི་ལས་རིགས་ཡུན་རིང་བརྟན་འཁྱོལ་ཡོང་བར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་མཁོ་སྤྲོད་ལས་སྟེགས་བསྐྲུན་རྒྱུ་དང་། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་ཞུགས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་སློབ་ཆེན་ཐོན་པའི་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་འབྲོག་པའི་རྩལ་ནུས་མཐོར་གཏོང་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་ཐག་ཉེ་ས་དང་རིང་སར་ལས་ཞུགས་ཀྱི་ལས་གནས་གསར་སྤེལ་ཧུར་ཐག་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་གནད་འགག་ལ་ཐད་ཀར་དམིགས་པ་དང་། གཞི་རིམ་དུ་ཟབ་འཇུག་དང་འཐབ་ཕྱོགས་དང་པོར་ཐད་ཀར་བསྐྱོད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བསམ་ཕྱོགས་དང་ཐབས་ཤེས་བཟང་པོར་ཞིབ་འཇུག་ནན་ཏན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་ཐོན་ལས། གྲོང་གསེབ་བཅོས་སྐྱོང་བཅས་མཐོར་འདེགས་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། རིག་གནས་ལ་བརྟེན་ནས་བློ་སྒྲིལ་དང་། རིག་གནས་ལ་བརྟེན་ནས་མི་གཤིས་ལེགས་སུ་གཏོང་བ། རིག་གནས་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་བ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ། རིག་གནས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ལས་གཞི་ཆེན་པོ་ལྔ་ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ། དམངས་འཚོའི་བྱ་བ་དངོས་ཁག་16་ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱས་ཏེ་ཧུར་བརྩོན་ཆེན་པོས་མི་རིགས་ཁག་གི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་བླང་བྱར་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ་དམའ་བའི་འཕུར་སྐྱོད་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོཊ་སྔར་བས་གསལ་པོ་དང་། ལས་ཀའི་གཙོ་གནད་ཁ་གསལ། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་དམའ་བའི་འཕུར་སྐྱོད་དཔལ་འབྱོར་གྱི་འགྲན་ལམ་གསར་པ་ཇུས་འགོད་དང་བརྟན་པོའི་ངང་བཀོད་སྒྲིག་བྱས་ནས་དམའ་བའི་འཕུར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པར་ངེས་པར་དུ་བཅའ་སྡོད་ཀྱི་སེམས་གནས་པ་དང་། བཅའ་སྡོད་ཀྱི་བརྩེ་སེམས་འཆང་བ། བཅའ་སྡོད་ཀྱི་འགན་འཁྲི་འཁུར་བ་བཅས་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་གཏུགས་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་དང་འགན་སྲུང་ཡག་པོ་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་གྲོང་གསེབ་དར་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ལས་འགན་ཁྲོད་དུ་འགན་འཁྲི་ལྕི་པོ་འཁུར་ཐུབ་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་པ་ནི་སྤྱི་ཚོགས་ཀྱི་སྔོན་དཔག་སྔར་བས་ལེགས་སུ་གཏོང་བ་དང་ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་རྒྱུ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་ཇུས་མཁོ་འདོན་རྒྱུན་མཐུད་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་དམིགས་ཚད་འགན་ལེན་གང་ཐུབ་ཅི་ཐུབ་བྱ་ཆེད་ཡིན་ཞེས་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 6 6 拉萨日报藏文 c181915.html 1 /enpproperty-->