分享按钮

རང་གྲོང་གི་སློབ་ཆུང་སྐད་གཉིས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་དགུ་པ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ཉིན།གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང་(རྩོམ་སྒྱུར་ཅུས)གིས་གཙོ་གཉེར་བྱས་པ་དང་།གྲོང་ཁྱེར་སློབ་གསོ་ཅུས་སློབ་གསོ་ཞིབ་འཇུག་སུའོ་སོགས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བ་དང་2024ལོའི་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་སྐད་གཉིས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་དགུ་པ་དངོས་སུ་གཉེར་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནི་དུས་སྐབས་གསར་པའི་སློབ་ཆུང་གི་སྐད་གཉིས་དགེ་རྒན་གྱི་དགོས་མཁོ་དང་དེ་བཞིན་རང་ངོས་ཀྱི་ཆེད་ལས་འཕེལ་རྒྱས་ཐད་གནས་པའི་གནད་དོན་ཕྱོགས་སྟོན་དུ་བྱེད་པ་དང།སློབ་མར་་གཞིགས་ནས་སློབ་ཁྲིད་དང་དགོས་མཁོར་གཞིགས་ནས་སློབ་ཁྲིད་ཀྱི་རྩ་དོན་གཞིར་བཟུང་།སྐད་གཉིས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་ཆུ་ཚད་དང་བསླབ་གཞི་གསར་པ་ལག་བསྟར་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་གཅིག་སྡུད་སློབ་ཁྲིད་དང་ཆེད་དོན་བགྲོ་གླེང་གི་རྣམ་པའི་ཐོག་ནས་སྤེལ་ཡོད་པ་རེད། སྙེ་མོ་རྫོང་བྲག་སྐོར་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་བཀྲ་ཤིས་དཔལ་འབྱོར་གྱིས་ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།གསོ་སྦྱོང་བྱེད་རིང་ངས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་ནན་ཏན་ངང་ཟིན་བྲིས་འགོད་རྒྱུ་ཡིན། གསོ་སྦྱོང་མཇུག་འགྲིལ་རྗེས།ངས་ད་ཐེངས་ཀྱི་གསོ་སྦྱོང་ཁྲོད་སྦྱངས་པའི་ཤེས་བྱ་རྣམས་དགེ་རྒན་གཞན་དག་ལ་མཉམ་སྤྱོད་བྱས་ནས་མཉམ་དུ་ཡར་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་6ཡིན་ཞིང་།ཟླ་5ཚེས་26ཉིན་ནས་ཟླ་5ཚེས་31ཉིན་བར་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་གཞི་རིམ་གྱི་སྐད་གཉིས་དགེ་རྒན་48གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 6 6 拉萨日报藏文 c181911.html 1 རང་གྲོང་གི་སློབ་ཆུང་སྐད་གཉིས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་དགུ་པ་གཉེར་བ། /enpproperty-->