ཞིང་འབྲོག་མང་ཚོགས་ཀྱི་གསོན་ཤུགས་དང་ཉམས་འགྱུར་མངོན་པར་བྱ་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དང་རྒྱ་མ་ཤང་གིས་མཉམ་འབྲེལ་ཐོག་གཡག་རྒྱུག་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད། བཀྲ་ཤིས་སྒང་ཤང་དང་རྒྱ་མ་ཤང་གི་ཞིང་འབྲོག་མང་ཚོགས་ཀྱི་ལུས་ལ་གཟབ་མཆོར་དང་མཛེས་རྒྱན་ལེགས་པར་སྤྲས་པའི་གཡག་ཁྲིད་དེ་ཞོགས་པ་སྔ་པོ་ནས་བཀྲ་ཤིས་སྒང་ཤང་གཟི་སྦུག་གྲོང་ཚོའི་གཡག་རྒྱུག་འགྲན་བསྡུར་བྱེད་སྒོར་ཞུགས་པར་ཡོང་ཡོད། འགྲན་བསྡུར་གྱི་བཀའ་བཏང་བ་དང་བསྟུན་ནས་གཡག་པ་ཚོས་གཡག་སྐུལ་ནས་རྒྱུག་ཅིང་། རྨིག་འོག་ནས་ཐལ་རྡུལ་འཕྱུར་བ་དང་། བྱེད་སྒོ་སྤེལ་ཡུལ་དུ་ངར་སྐད་དང་ཤུགས་རྒྱོབ་ཅེས་པའི་སྐད་སྒྲས་ཁེངས་པ་དང་། འགྲན་རའི་ཕྱི་རོལ་གྱི་གཟིགས་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་ཐོག་ནས་པར་བླངས་ནས་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་ཟིན་ཐོར་བཀོད་ཡོད།
པར་འདི་ནི་གཡག་རྒྱུག་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社