ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས“རྒན་པ་གཅིག་དང་ཆུང་བ་གཅིག”གི་དམངས་འཚོའི་བྱ་གཞག་ལ་དམིགས་ཏེ་དམངས་དང་འབྲེལ་འདྲིས་ཟབ་པ་དང་། སྔར་བས་གསོན་ཤུཊ་ལྡན་པ། སྔར་བས་དྲོ་སྐྱིད་ལྡན་པ་བཅས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ནས“རྒན་པ་གཅིག་དང་ཆུང་བ་གཅིག”གི་སྤུས་ལེཊ་ཞབས་ཞུ་དེ་རྒན་རྒོན་ཚེ་མཇུག་དེ་བས་སྐྱིད་པ་དང་བྱིས་པ་དེ་བས་འཚར་ལོངས་ཡོང་བའི་དམངས་འཚོའི་དྲོ་སྐྱིད་ལྡན་པའི་རྨང་གཞི་ཡག་པོ་ཞིག་བཏོད་ཡོད།
ཉེ་ཆར་ཁྲོམ་གཞུང་དེས་ལྷ་ས་གྲོང་ཁྱེར་གྱི་སེམས་དྲོད་འབར་རླངས་ཀུང་སི་དང་སྦྲེལ་མཐུད་བྱས་ཏེ་འཕྲལ་སྡོམ་སྨན་བཅོས་སྐྱོབ་སྲུང་མ་ལག་ཆ་ཚང་80ཉོས་ནས་དགོས་མཁོ་ཡོད་པའི་རྒན་རྒོན་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ལ་སྒྲིག་སྦྱོར་བྱས་པ་དང་།སྡེ་ཁུལ་གྱི་ལས་རེས་མི་སྣ་དང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ལས་རེས་སྨན་པས་མ་ལག་མཉེན་ཆས་དང་སྐད་མདོང་བརྒྱུད་མང་ཚོགས་ཀྱི་གླེང་མོལ་མཐའ་སྣེའི་རེ་ཞུ་དང་ལེན་བྱས་ཏེ་འཕྲལ་བཅོས་རོགས་སྐྱོབ་དང་འཕྲལ་སྡོམ་མྱུར་སྐྱོབ་ཞབས་ཞུ་དང་ལེན་བྱས་ནས་ཁྱིམ་སྡོད་རྒན་གསོའི་དཀའ་གནད་དང་སྟབས་བདེའི་སྨན་བཅོས་ཀྱི་རེ་ཞུའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང“སེམས་དྲོད”བྱེད་ཐབས་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་ཉམས་ལེན་ཐུབ་པའི་ཕན་ནུས་དངོས་སུ་བསྒྱུར་རྒྱུ་རེད།
སླད་ཕྱིན་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་གིས“རྒན་པ་གཅིག་དང་ཆུང་བ་གཅིག”གི་ཚོགས་སྤྱིར་གཅེས་སྐྱོང་དང་ཞབས་ཞུ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་།བྱ་སྤྱོད་ལ་བརྟེན་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ཏེ“རྒན་པ་གཅིག་དང་ཆུང་བ་གཅིག”གི་སེམས་སྐྱིད་ཞབས་ཞུའི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒན་རྒོན་དང་ཕྲུ་གུ་གསོ་སྐྱོང་ཐུབ་པར་བྱ་རྒྱུ།མི་དེ་བས་མང་བ་ཞིག་ལ་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་མི་དམངས་མང་ཚོགས་ཀྱི“བདེ་སྐྱིད་ཆུང་གྲངས”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社