分享按钮

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་དུ་སྤེལ་བའི་ཟླ་རེའི་འཆད་ཁྲིད་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན། གྲོང་་ཨུད་དྲིལ་བསྒྲགས་པུའུ་དང་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། གྲོང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ། སྙེ་མོ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་སྙེ་མོ་རྫོང་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་གཉེར་བྱས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་དུ་སྤེལ་བའི་ཟླ་རེའི་འཆད་ཁྲིད་དང《མི་དམངས་ཀྱི་ཆེད་དུ》ཞེས་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།

སྒྲོག་འགྲེལ་བྱ་ཡུལ་དུ། རང་གྲོང་གི་བཅའ་ཁྲིམས་ཁྱབ་གདལ་གསེར་ཕུག་ཏུ་གྲགས་པའི་སྒྲོག་འགྲེལ་པ་སྐལ་བཟང་དབྱངས་ཅན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་དོ་དམ་གཏན་འབེབས》ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་དོད་པའི་སྐད་ཆ་དང་དཔེ་མཚོན་གྱི་ཐོག་ནས་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། གློག་འཕྲིན་གྱི་ཁ་བསླུས་རྒྱག་ཐབས་སྣ་ཚོགས་གསལ་སྟོན་བྱས་ནས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇཊ་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

གྲོང་མི་བཀྲ་ཤིས་རྣམ་རྒྱལ་གྱིས་ང་ཚོ་རྒན་རྒོན་རྣམས་ཁ་བསླུས་ཕོག་སླ་བའི་ཚོགས་སྤྱིར་གཏོགས་ཀྱི་ཡོད། སྒྲོག་འགྲེལ་དེ་རིགས་ཀྱིས་ཁ་བསླུས་སྔོན་འགོག་གི་ཤེས་བྱ་མང་པོ་ཁྱབ་གདལ་བཏང་བས་ཕན་ཐོགས་ཆེན་པོ་བྱུང་། སླད་ཕྱིན་བྱེད་སྒོ་དེ་རིགས་མུ་མཐུད་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

དེ་རྗེས། སྙེ་མོ་རྫོང་ཇོ་མོ་གངས་དཀར་སྒྱུ་རྩལ་ཚོཊ་པས་སྔ་རྗེས་སུ་གྲོང་མི་མང་ཚོཊ་ལ་ཞབས་བྲོ《བསྐལ་པ་བཟང་བའི་དགའ་སྤྲོའི་གླུ་དབྱངས》དང་། ཉིས་ཟློས་གླུ་དབྱངས《གཟིམ་སྤོས་ཀྱི་ཕ་ཡུལ》སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱསཤིང་། སྙན་འཇེབས་ལྡན་པའི་གླུ་སྒྲ་དང་མི་སེམས་འགུལ་བའི་དབྱངས་རྟ་ལ་མང་ཚོགས་ཀྱི་དགའ་བསུ་ཞུ་བའི་ཐལ་མོ་ཡང་ཡང་བརྡབས་པ་དང་དགའ་འབོད་ཀྱི་སྒྲ་ལྷང་ལྷང་དུ་གྲགས། སྙེ་མོ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀརྨ་ཆོས་དབང་བསྟན་འཛིན་གྱིས་དྲིལ་བསྒྲགས་ལས་སྟེགས་དེར་བརྟེན་ནས་ང་ཚོས་སྙེ་མོ་རྫོང་གི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་ཡུལ་དངོས་སུ་ཁྱེར་ཡོང་བར་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དུས་མཚུངས་སུ་དྲིལ་བསྒྲགས་བྱས་པ་བརྒྱུད་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་སྲིད་ཇུས་དང་ཁྲིམས་སྲོལ་ཁག་གཅིག་ལ་ཤེས་རྟོགས་ཐུབ་པ་བྱས་ནས་ང་ཚོའི་དྲིལ་བསྒྲགས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

བྱེད་སྒོ་དེ་ལྷ་སའི་ཁྱབ་སྤེལ་དང་དགའ་སྤྲོ་ལོངས་སྤྱོད་ཀྱི་ལྷ་ས་ཞེས་པའི་འཕྲིན་འཕྲན་བརྙན་ལམ་ཨང་རྟཊ་དང་ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་པའི་འཁྱུག་དབྱིངས་ཨང་རྟཊ་བརྒྱུད་དྲ་ཐོག་ཏུ་ཐད་གཏོང་བྱས་པ་དང་། ལས་སྟེགས་ཁག་ཏུ་བསྟན་ཚད་མི་ཐེངས་ཁྲི་2.2ཟིན་པ་དང་བསྔགས་བརྗོད་་བྱེད་ཚད་མི་ཐེངས་ཁྲི་1.7ཟིན་ཡོད་པ་རེད། བྱེད་སྒོའི་ནང་ད་དུང་རིག་གནས་ཁེ་ལས(མཉམ་ལས་ཁང)5འགྲེམས་ཚོང་ལ་ཞུགས་པ་དང་། ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཐོན་རྫས་ཕྱིར་ཚོང་གྲངས་འབོར་རིམ་བསགས་སྒོར་ཁྲི་1.7ལྷག་ཙམ་ཟིན་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 6 6 拉萨日报藏文 c181909.html 1 ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་དུ་སྤེལ་བའི་ཟླ་རེའི་འཆད་ཁྲིད་བྱེད་སྒོ་སྤེལ་བ། /enpproperty-->